ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་རི་དང་ཨགྷནི་སི་ཐན་གྱིས་བདེ་འཇགས་ཀྱི་གྲོས་མཐུན་ལ་ས་ཡིག་མྱུར་དུ་བརྒྱབ་སྲིད་པ།


ཨཧྥི་གྷན་ནི་སི་ཐན་ནང་། སྲིད་འཛིན་གསར་པའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་བྱས་པ་དང་། ཡུལ་དེའི་ནང་མཉམ་འབྲེལ་གྱི་སྲིད་གཞུང་འཛུགས་རྒྱུའི་ཐག་གཅོད་བྱས་པའི་སྐབས་སུ། ཁ་ས་གཟའ་ཉི་མ་ཉིན་ཨ་མི་རི་ཁ་མངའ་སྡེ་ཆིག་སྒྲིལ་རྒྱལ་ཁབ་ཀྱི་ཕྱི་སྲིད་དྲུང་ཆེ་ཇྷོན་ཁེ་རེས་ཀྱིས་ཨ་མི་རི་ཁའི་དམག་མི་ཕྱིར་འཐེན་བྱ་རྒྱུ་དང་འབྲེལ་བའི་ཨཧྥི་གྷན་ནི་སི་ཐཱན་གྱི་བདེ་འཇགས་ཀྱི་གྲོས་མཐུན་ལ་མགྱོགས་མྱུར་ས་ཡིག་བརྒྱབ་ཐུབ་པའི་རེ་བ་ཡོད་ཅེས་བརྗོད་ཡོད་པ་རེད། སྲིད་འཛིན་ཨོ་བྷ་མ་ཡི་འཆར་གཞི་ལྟར་ན། ཨ་མི་རི་ཁའི་དམག་མི་མང་ཆེ་བ་༢༠༡༥འི་འགོ་སྟོད་ཏུ་ཕྱིར་འཐེན་དང་ལྷག་མ་རྣམས་སྤྱི་ལོ་༢༠༡༦་ལོ་མཇུག་ཏུ་ཕྱིར་འཐེན་བྱ་རྒྱུ་རེད། འོན་ཀྱང་སྲིད་འཛིན་ཀཱར་ཟའེ་ཡི་འཆར་གཞི་དེ་ལ་ས་ཡིག་བརྒྱབས་མེད་པ་བཅས་ཀྱི་སྐོར་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གནང་གི་རེད།

XS
SM
MD
LG