ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བའི་ཉིན་ཧོང་ཀོང་གི་སློབ་གྲ་ཆེན་པོ་ཁག་གི་སློབ་གྲྭ་བ་སྟོང་ཕྲག་མང་པོས་སློབ་ཁང་ནས་ཕྱིར་ཐོན་སྟེ་ གཟའ་འཁོར་གཅིག་རིང་གི་སློབ་སྦྱོང་བྱེད་མཚམས་འཇོག་པའི་ལས་འགུལ་འདི་འགོ་ཚུགས་བྱས་འདུག

དེ་ནི་ཉེ་དུས་རྒྱ་ནག་གཞུང་གིས་ ཧོང་ཀོང་མི་དམངས་ཀྱི་རེ་འདུན་ལྟར་ ཕྱི་ལོ་ ༢༠༡༧ ལོའི་ཧོང་ཀོང་གི་འཛིན་སྐྱོང་སྤྱི་ཁྱབས་ཀྱི་འོས་མི་མི་དམངས་ཀྱིས་ཐད་ཀར་མིང་འདོན་བྱེད་འཇུག་རྒྱུ་མིན་པའི་ཐག་གཅོད་བྱས་ཡོད་པ་དེར་དེང་སྐབས་ཧོང་ཀོང་མི་དམངས་ཀྱིས་ངོ་རྒོལ་གྱི་བྱེད་སྒོ་སྣ་ཚོགས་ཤིག་སྤེལ་བཞིན་ཡོད་པའི་ནང་གི་ཆ་ཤས་ཤིག་ཡིན་པ་རེད།

དེ་རིང་གྱི་སློབ་མཚམས་འཇོག་པའི་ལས་འགུལ་ནང་ཞུགས་མཁན་ ཧོང་ཀོང་གི་སློབ་གྲ་ཆེན་པོའི་སློ་མ་ཞིག་གིས་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པར་བརྗོད་དོན་བྱས་ན་ རྒྱ་ནག་གཞུང་གི་ཐག་གཅོད་ཀྱིས་ ཧོང་ཀོང་མི་དམངས་ཀྱི་དམངས་གཙོའི་ཕུགས་བསམ་མེད་པ་བཟོས་ཡོད་པ་ཞིག་ཡིན་འདུག

ཡང་ད་རེས་ཀྱི་སློབ་མཚམས་འཇོག་པའི་ལས་འགུལ་འདིའི་ནང་སློབ་གྲྭ་བ་གཅིག་པོ་མ་ཡིན་པར་ ཧོང་ཀོང་གི་སློབ་གྲ་ཆེ་ཁག་ནང་གི་དགེ་རྒན་ཡང་བཞི་བརྒྱ་ཙམ་གྱི་མཉམ་ཞུགས་བྱས་ཡོད་པ་རེད། འོན་ཀྱང་ཧོང་ཀོང་མི་དམངས་མང་ཆེ་བས་དེང་སྐབས་བྱེད་བཞིན་པའི་འབོད་སྐུལ་དང་ངོ་རྒོལ་ཀྱི་ལས་འགུལ་དེ་ཚོས་རྒྱ་ནག་གཞུང་གི་ཐག་གཅོད་དེར་འགྱུར་ལྡོག་བཏང་ཐུབ་པའི་རེ་བ་ཧ་ལམ་མེད་པ་ངོས་འཛིན་བྱེད་ཀྱི་ཡོད།

XS
SM
MD
LG