ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཞིན་ཅང་དུ་འབར་རྫས་འགས་གཏོར།


རྒྱ་ནག་གཞུང་གཉེར་གསར་འགྱུར་ཁག་གིས་གནས་ཚུལ་སྤེལ་བའི་ནང་དུ། ཞིན་ཅང་ས་ཁུལ་གྱི་ལཱོང་ཐཱེ་རྫོང་དུ་ས་གནས་འདྲ་མིན་གསུམ་ལ་འབར་རྫས་ཀྱི་གཏོར་རྒོལ་བྱུང་སྟེ་མི་གཉིས་ཀྱི་ཚེ་སྲོག་ཤོར་ཡོད་པ་དང་ཁ་གྲངས་མ་ངེས་པའི་མི་ཁག་ཅིག་ལ་རྨས་སྐྱོན་ཕོག་ཡོད་འདུག ད་ལྟའི་ཆར་གཏོར་རྒོལ་བྱེད་མཁན་སུ་ཡིན་ཁ་གསལ་འགྲེལ་བརྗོད་བྱས་མེད་ཀྱང་གཞུང་གཉེར་གསར་འགྱུར་ཁག་གིས་བརྗོད་ན་གཏོར་རྒོལ་གཏོང་མཁན་པ་འཇིགས་སྐུལ་དྲག་སྤྱོད་པ་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་པ་རེད། དེ་བཞིན་ཁ་ས་གཟའ་ཉི་མའི་ཉིན་ཞིན་ཅང་གི་གཞུང་འབྲེལ་དམར་ཤོག་མཐོ་རིམ་མི་སྣ་༡༧ལ་ལས་འགན་འཐུས་ཤོར་བཏང་བའི་ནག་ཉེས་བཀལ་ཏེ་དམར་ཤོག་སྒྲིག་ཁོངས་ནས་ཕྱིར་འབུད་བཏང་ཡོད་པ་སོགས་ཀྱི་སྐོར་ལ་ཚེ་རིང་སྐྱིད་ཀྱིས་ཕྱོིགས་སྒྲིག་དང་སྙན་སྒྲོན་ཞུ་རྒྱུ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG