ངོ་འཕྲད་བདེ་བའི་དྲ་འབྲེལ།

མ་འོངས་འཛམ་གླིང་ཡག་པོ་ཞིག་སྐྲུན་གྱུར་རྒྱ་གར་དང་རྒྱ་ནག་གཉིས་མཉམ་ལས་བྱེད་དགོས་པ་རྒྱ་གར་གྱི་སྲིད་བློན་མཆོག་གིས་གཞེན་བསྐུལ་གནང་གི་ཡོད་པ་རེད དེ་རིང་རེས་གཟའ་ལྷག་པའི་ཉིན་ནས་རྒྱ་ནག་གི་སྲིད་འཛིན་ཞི་ཇི་པིང་རྒྱ་གར་གྱི་ནང་ལྟ་སྐོར་སྐབས་ རྒྱ་གར་དང་རྒྱ་ནག་ཚོང་ལས་ཀྱི་འབྲེལ་ལམ་ཤུགས་ཆེ་རུ་གཏོང་རྒྱུའི་རེ་བ་བྱེད་བཞིན་ཡོད་པ་ཡིན་ནའང་ ས་མཚམས་ས་ཁུལ་དུ་དམག་འཐབ་ཚུང་རྩག་གི་གནས་ཚུལ་བྱུང་བས་རྐྱེན་ ཡུལ་གཉིས་དབར་གྱི་ཆབ་སྲིད་འབྲེལ་ལམ་ནང་དུས་ཡུན་རིང་པོ་ནས་ཡིད་ཆེས་མེད་པའི་གནས་ཚུལ་ཡོང་རྐྱེན་ས་མཚམས་ཀྱི་རྩོད་རྙོག་ཐོག་དམིགས་བསལ་དོ་སྣང་བྱེད་པ་ཡོད་པ་སོགས་ གསར་འགོད་པ་ཨན་ཇ་ན་པཤ་རི་ཅ་ཡིས་རྒྱལ་ས་ལྡི་ལི་གསར་པ་ནས་བཏང་བའི་གནས་ཚུལ་དེ་ནམ་མཁའ་བསྟན་འཛིན་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG