ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨ་མི་རི་ཀས་ཨི་རཀ་ལ་དམག་དོན་སློབ་སྟོན་པ་༣༠༠་མངག་གཏོང་།


ཨ་རིའི་སྲིད་འཛིན་ཨོ་བྷ་མས་ཨི་རཀ་ལ་དམག་དོན་སློབ་སྟོན་པ་༣༠༠་ཐམ་པ་མངག་གཏོང་བྱ་རྒྱུའི་ཐོག་གཅོད་བྱས་ཏེ། ཨི་རཀ་གི་གཞུང་དམག་དང་ཡུལ་དམག་སྟོང་ཕྲག་མང་པོས་རྒྱལ་ས་བྷག་དྷཏ་གྲོང་ཁྱེར་གྱི་བྱང་ཕྱོགས་སུ་ཁ་ཆེ་དྲག་སྤྱོད་པ་ཚོར་འགོག་རྒོལ་བྱ་རྒྱུའི་དམག་གྲྭ་བསྒྲིགས་ཀྱང་། སྲིད་བློན་ཨལ་མ་ལི་ཀིའི་གཞུང་གིས་ཨ་མི་རི་ཀར་གནམ་དམག་བཏང་ནས་ཨི་རཀ་གི་ཁ་ཆེ་དྲག་སྤྱོད་པའི་བཙན་ས་ཁག་ལ་གཏོར་རྒོལ་བྱ་དགོས་ཞེས་འབོད་སྐུལ་ཞུས་པར་སྲིད་འཛིན་ཨོ་བྷ་མས་མོས་མཐུན་བྱས་མེད་ཅིང་། ཨ་མི་རི་ཀའི་གཞུང་གིས་ཨི་རཀ་ལ་མི་རིགས་དང་ཆོས་ལུགས་གྲུབ་མཐའི་འཐེན་འཁྱེར་ཐོག་ཏུ་འགལ་ཟླ་ཡོད་པ་སྲིད་བློན་ཨལ་མ་ལི་ཀིའི་གཞུང་གིས་སེལ་ཐབས་བྱ་དགོས། ཤི་ཡ་མི་རིགས་གྲངས་མང་གིས་དབང་སྒྱུར་བྱས་པའི་ཨི་རཀ་གཞུང་གིས་སུ་ཎི་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ལ་བརྩི་འཇོག་བྱེད་ཀྱི་མེད་པས། ཨི་རཀ་ལ་མི་རིགས་དང་ཆོས་ལུགས་གྲུབ་མཐའི་འཐེན་འཁྱེར་ཐོག་ཏུ་ཟིང་འཁྲུག་ཆེན་པོ་འདི་འདྲ་ཞིག་ལངས་པ་རེད་ཅེས་སྐྱོན་བརྗོད་བྱས་འདུག
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG