ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

གདུག་རྩུབ་ཆེ་བའི་བྱ་སྤྱོད་ཁག་ལ་རྒྱལ་སྤྱིའི་སྡེ་ཚོགས་ཀྱིས་སྣང་མེད་དང་ཡན་པོར་གཏོང་གི་ཡོད་པ་དེ་ནི་བློ་ཕམ་པའི་གནས་ཚུལ་ཞིག་ཡིན་པ།


འཛམ་གླིང་ཁྱོན་གྱི་ས་ཁུལ་གང་སར་གདུག་རྩུབ་ཆེ་བའི་བྱ་སྤྱོད་ལག་ བསྟར་བྱེད་ཀྱི་ཡོད་པའི་གནས་ཚུལ་མང་དག་ཅིག་ཐོན་བཞིན་པ་དེ་དག་ལ། རྒྱལ་སྤྱིའི་སྡེ་ཚོགས་ཀྱིས་སྣང་མེད་དང་ཡན་པོར་གཏོང་གི་ཡོད་ལུགས་འཛམ་ གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ལྷན་ཁང་གི་ འགན་འཛིན་ལྕམ་ Navi Pillayཡིས་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་པ་དང་ ལྕམ་ Pillay ཡིས། རང་ཉིད་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ ལྷན་ཁང་གི་འགན་འཛིན་གྱི་ལས་སྣེ་ནས་མ་འཁྱུར་གོང་དུ་འཛམ་གླིང་མཉམ་ འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ལྷན་ཁང་ལ་གཏམ་བཤད་ མཐའ་མ་དེ་གནང་པའི་སྐབས་སུ། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལས། ཆབ་སྲིད་གལ་འགངས་ཆེ་བ་བརྩི་བའི་གནས་ཚུལ་ཡང་ཡང་ཡོང་གི་འདུག་ཅེས་གསུངས་ཡོད་པའི་སྐོར་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་Lisa Schleinགྱིས་སུད་སི་ལནཌའི་གྲོང་ཁྱེར་ཇེ་ནེ་ཝ་ནས་སྤེལ་བའི་གནས་ཚུལ་ཞིག་བྱང་ཆུབ་སྒྲོལ་མས་ཕབ་བསྒྱུར་དང་སྙན་སྒྲོན་ཞུ་གི་ཡོད།
XS
SM
MD
LG