ངོ་འཕྲད་བདེ་བའི་དྲ་འབྲེལ།

སྐར་ལྔའི་དར་དམར་དང་བོད་མིའི་རྣམ་འགྱུར།


ནག་ཆུ་ནགས་ཤོད་འབྲི་རུ་ས་ཁུལ་དུ་རྒྱ་ནག་གཞུང་གིས་དམར་ཤོག་གི་གཞུང་བཙུགས་པའི་དུས་ཆེན་དང་སྟབས་བསྟུན་ཏེ། མང་ཚོགས་ལ་སྐར་ལྔའི་དར་དམར་སྒྲེང་འཛུགས་བྱ་དགོས་པའི་བཙན་བཀའ་བཏང་བར་མང་ཚོགས་ཀྱིས་དང་ལེན་མ་བྱས་པར་ངོ་རྒོལ་བྱས་པའི་རྐྱེན་གྱིས་འབྲི་རུ་ས་ཆའི་བོད་མི་གང་བྱུང་འཛིན་བཟུང་བྱེད་བཞིན་ཡོད་པའི་ཐོག དེ་རིང་བསྐྱར་དུ་བུད་མེད་སྐལ་བཟང་ཞུ་བ་ཞིག་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་ཐོན་འདུག དེ་བཞིན་མདོ་སྨད་རྨ་ལྷོ་ས་ཁུལ་གྱི་གྲོང་ཚོ་ཞིག་ཏུ་སྐར་ལྔའི་དར་དམར་སྒྲེང་འཛུགས་བྱས་ཏེ་རྒྱལ་ཁབ་ལ་བློ་དཀར་ཞིང་ཏང་ལ་དགའ་ཞེན་དགོས་པའི་བཙན་བཀའ་བཏང་བར། མང་ཚོགས་ཀྱིས་བཙན་བཀའ་དང་ལེན་བྱས་མེད་པ་སོགས་ཀྱི་སྐོར་ཚེ་རིང་སྐྱིད་ཀྱིས་གནས་ཚུལ་ཕྱོགས་སྒྲིག་བྱས་ཡོད།
XS
SM
MD
LG