ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཨ་རིས་སི་རི་ཡར་དམག་རྒྱག་གི་འཐབ་ཇུས་གྲོས་བསྡུར།


 ཨ་རིས་སི་རི་ཡར་དམག་རྒྱག་གི་འཐབ་ཇུས་གྲོས་བསྡུར།
ཨ་རིས་སི་རི་ཡར་དམག་རྒྱག་གི་འཐབ་ཇུས་གྲོས་བསྡུར།
༄༅།། སྲིད་འཛིན་ཨོ་བྷ་མས་སི་རི་ཡའི་ནང་འཁྲུག་ལ་ཨ་མི་རི་ཀས་དམག་བརྒྱབ་ནས་བཀག་འགོག་ཚད་ངེས་ཅན་ཞིག་བྱེད་དགོས་པ་དང་། དམག་འཁྲུག་དེ་དུས་ཡུན་རིང་པོ་དང་སི་རི་ཡའི་ས་ཐོག་ལ་ཨ་མི་རི་ཀའི་དམག་དཔུང་མངགས་གཏོང་བྱ་དགོས་པའི་དམག་ཅིག་མིན་ཞེས་གྲོས་ཚོགས་ཀྱི་འཐུས་མི་ཚོར་ཆོག་མཆན་ཞུ་བཞིན་ཡོད་ཀྱང་། ད་སྔ་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་རྣམས་སི་རི་ཡར་དམག་རྒྱག་རྒྱུའི་སྲིད་ཇུས་ལ་མོས་མཐུན་ཡོད་མེད་ཤོག་ཁག་གཉིས་སུ་གྱིས་ཡོད་ཅིང་། ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་མང་པོ་ཞིག་གིས་སི་རི་ཡར་དམག་རྒྱག་རྒྱུའི་སྲིད་འཛིན་ཨོ་བྷ་མའི་སྲིད་ཇུས་དེར་རྒྱབ་སྐྱོར་བྱ་རྒྱུའི་རྟགས་མཚན་མེད་པས། སྲིད་འཛིན་ཨོ་བྷ་མས་། ང་ཚོ་ཨ་མི་རི་ཀས་སི་རི་ཡར་དམག་གང་འདྲ་ཞིག་རྒྱག་དགོས་མིན་ད་དུང་མཐའ་མའི་ཐག་གཅོད་བྱས་མེད། ཡིན་ནའང་ཨ་མི་རི་ཀས་སི་རི་ཡའི་ནང་འཁྲུག་བཀག་འགོག་བྱེད་པར་དམག་འཁྲུག་གང་འདྲ་ཞིག་བརྒྱབ་ཀྱང་དམག་འཁྲུག་ཆེན་པོ་ཞིག་ལ་འགྱུར་མི་སྲིད། ང་ཚོས་རང་གི་མཐུན་གྲོགས་རྒྱལ་ཁབ་ཁག་དང་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཚོར་གྲོས་བསྡུར་བྱེད་བཞིན་ཡོད་ཅེས་གཏམ་བཤད་བྱས་ཏེ། ཨ་མི་རི་ཀས་གང་མགྱོགས་སི་རི་ཡར་དམག་རྒྱག་རྒྱུའི་བརྡ་ཞིག་བཏང་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG