ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༢༤

ཧྥི་ལི་ཕིན་དང་རྒྱ་ནག་གི་འབྲེལ་བ་ཇེ་སྡུག


 ཧྥི་ལི་ཕིན་དང་རྒྱ་ནག་གི་འབྲེལ་བ་ཇེ་སྡུག
ཧྥི་ལི་ཕིན་དང་རྒྱ་ནག་གི་འབྲེལ་བ་ཇེ་སྡུག
༄༅།། ད་ལོ་རྒྱ་ནག་གི་ནན་ནིང་གྲོང་ཁྱེར་ལ་ཨེ་ཤི་ཡའི་འགྲེམས་སྟོན་ཞིག་ཚོགས་ཡོད་ཅིང་། འགྲེམས་སྟོན་དེའི་ཆེ་བསྟོད་རྒྱལ་ཁབ་ཧྥི་ལི་ཕིན་ཡིན་པ་དང་། དེ་རིང་ཕྱི་ཟླ་༩་ཚེས་༢་ཉིན་ཧྥི་ལི་ཕིན་གྱི་གཞུང་འབྲེལ་མི་སྣ་ཚོས་བཤད་པ་ལྟར་ན། ཨེ་ཤི་ཡའི་འགྲེམས་སྟོན་གྱི་ལམ་སྲོལ་ལྟར་ཆེ་བསྟོད་རྒྱལ་ཁབ་དེའི་འགོ་ཁྲིད་མཛད་སྒོ་དེར་ཕེབས་ཞུགས་གནང་དགོས་ཀྱིན་ཡོད་པས། སྲིད་འཛིན་ཨ་ཁི་ཎོ་རྒྱ་ནག་ལ་འཚོགས་ཡོད་པའི་ཨེ་ཤི་ཡའི་འགྲེམས་སྟོན་ཆེན་མོར་གདན་འདྲེན་ཞུས་ཡོད་ཅེས་གསལ་བསྒྲགས་སྤེལ་རུང་། རྒྱ་ནག་གཞུང་གིས་ཧྥི་ལི་ཕིན་གྱི་སྲིད་འཛིན་འགྲེམས་སྟོན་དེའི་མཛད་སྒོར་ཕེབས་པར་ཆ་རྐྱེན་ཁག་ཅིག་ལ་མོས་མཐུན་བྱེད་དགོས་ཞེས་ནན་བརྗོད་བྱས་འདུག པར་བརྟེན་། དེར་བརྟེན་ཧྥི་ལིན་གྱི་གཞུང་གིས་། རྒྱ་ནག་གི་ཆ་རྐྱེན་དེ་ཚོར་ང་ཚོས་རྣམས་ཡང་མོས་མཐུན་བྱ་ཐུབ་ཐབས་མེད་ཅེས་དགག་པ་བརྒྱབ་ཡོད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG