ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཀྲུང་ཡུང་ཁཱང་ལ་ལྐོག་ཟ་བྱས་པའི་ནག་ཉེས་ཐོག་ཏུ་ཞིབ་འཇུག་བྱ་འཆར།


 ཀྲུང་ཡུང་ཁཱང་ལ་ལྐོག་ཟ་བྱས་པའི་ནག་ཉེས་ཐོག་ཏུ་ཞིབ་འཇུག་བྱ་འཆར།
ཀྲུང་ཡུང་ཁཱང་ལ་ལྐོག་ཟ་བྱས་པའི་ནག་ཉེས་ཐོག་ཏུ་ཞིབ་འཇུག་བྱ་འཆར།
༄༅།། རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་འཐུས་མི་ཟུར་པ་སྟེ། གུང་ཁྲན་ཏང་གི་མཐོ་རིམ་འགོ་ཁྲིད་ཟུར་པ་ཀྲུག་ཡུང་ཁཱང་ལ་ལྐོག་ཟ་བྱས་ཡོད་མེད་ཞིབ་འཇུག་བྱེད་རྒྱུའི་ཐག་གཅོད་ཡོད་ཅིང་། འདི་ནི་དེང་སྐབས་རྒྱ་ནག་གཞུང་གིས་པཱའོ་ཤཱི་ལེ་ལ་ཁྲིམས་བཤེར་བྱེད་ཀྱི་ཡོད་པ་ལས་ལྷག་གི་པེ་ཅིང་ལ་ཆབ་སྲིད་ཀྱི་གཡོ་འགུལ་ཆེན་པོ་ཞིག་ཡིན་པ་མ་ཟད། སྔོན་ཆད་པཱའོ་ཤཱི་ལེ་དང་ཀྲུག་ཡུང་ཁཱང་གཉིས་ཤོག་ཁག་ཅིག་ཡིན་པ་དང་། ཀྲུག་ཡུང་ཁཱང་ལ་ལྐོག་ཟ་བྱས་ཡོད་མེད་ཞིབ་འཇུག་བྱེད་དགོས་པའི་རྒྱུ་རྐྱེན་གཙོ་བོ་ཞིག་པཱའོ་ཤཱི་ལེ་ལ་འབྲེལ་བ་ཡོད་པས་ཡིན་འདུག ད་ལོའི་པེའི་ཐེ་ཧེའི་ཚོགས་འདུའི་སྐབས་སུ་རྒྱ་ནག་དམར་ཤོག་ཚོགས་པའི་མཐོ་རིམ་འགོ་ཁྲིད་ཟུར་པ་དང་ལས་ཐོག་རྣམས་ལྷན་འཛོམས་བྱས་ཏེ། ཁོང་ཚོས་ཀྲུག་ཡུང་ཁང་ལ་ལྐོག་ཟ་བྱས་ཡོད་མེད་ཞིབ་འཇུག་བྱེད་རྒྱུའི་ཐག་གཅོད་བྱས་པ་དང་། ཞིས་ཅིན་ཕིང་གིས་ཀྲུག་ཡུང་ཁཱང་དང་པཱའོ་ཤཱི་ལེའི་ཉེས་དོན་བརྒྱུད་ནས་རྒྱ་ནག་གི་ལྐོག་ཟ་རུལ་སུངས་ལ་འཐབ་རྒོལ་བྱེད་པའི་ནུས་ཤུགས་ཆེ་རུ་གཏོང་གི་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG