ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༡༠/༢༣

རྒྱལ་ས་ཧཱ་ནོ་ནང་དུ་རྒྱ་ནག་ལ་ངོ་རྒོལ་བ་༢༢་འཛིན་བཟུང་།


ཝེ་ཏུ་ནཱམ་གྱི་ངོ་རྒོལ་བ།
ཝེ་ཏུ་ནཱམ་གྱི་ངོ་རྒོལ་བ།
དེ་རིང་གཟའ་ཉི་མའི་ཉིན་ལྷོ་རྒྱ་ནག་རྒྱ་ནག་རྒྱ་མཚོའི་ཛ་དྲག་དེ་ཝེ་ཏུ་ནཱམ་རྒྱལ་ཁབ་ཀྱི་ནང་དུ་བསྐྱར་དུ་བྱུང་བ་དང་ཉེན་རྟོག་པས་མི་༢༢་བཀག་སྐྱིལ་དོ་དམ་བྱས་ཡོད་པའི་སྐོར་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་མཱ་རེ་ཡན་བྷ་རོན་གྱིས་ཝེ་ཏུ་ནཱམ་གྱི་རྒྱལ་ས་ཧཱ་ནོ་ནས་བཏང་བའི་གནས་ཚུལ་དེ་ཚུལ་ཁྲིམས་རྒྱ་མཚོས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་
གནང་གི་རེད།
ཝེ་ཏུ་ནཱམ་གྱི་ནང་དུ་༼ནུབ་གླིང་ཚོམ་བུ་དང་ལྷོ་གླིང་ཚོམ་བུ་གླིང་ཕྲན་ཝེ་ཏུ་ནཱམ་ལ་དབང་བ་ཡིན་༽ཞེས་དང་། ༼རྒྱ་ནག་གིས་ཝེ་ཏུ་ནཱམ་གྱི་ཉེས་མེད་ཉ་བ་སྡེབ་བསོད་བྱེད་པ་མཚམས་གཞོག་དགོས༽ཞེས་བྲིས་ཡོད་པའི་འཕྲེད་དར་འཕྱར་ནས་སྐད་འབོད་བྱེད་བཞིན་ཁྲོམ་སྐོར་བྱས་ཤིང་། མི་གཉིས་རྒྱ་ལྷག་ཧཱ་ནོ་ཟློས་གར་ཁང་གི་ཕྱི་རོལ་ནས་འདུ་འཛོམས་བྱས་དེ་ཉེན་རྟོག་པས་སྐོར་སྲུང་བྱས་བཞིན་རྒྱ་ནག་གཞུང་ཚབ་ཁང་གི་ཕྱོགས་སུ་སྐྱོད་དེ་ཁྲོམ་སྐོར་བྱས་ཡོད་པ་རེད།

སྐར་མ་༣༠་བཅུ་ཙམ་གྱི་རྗེས་སུ་ཉེན་རྟོག་པས་ངོ་རྒོལ་པ་མི་༢༢་འཇུས་བཟུང་བྱས་ནས་སྤྱི་སྤྱོད་རླངས་འཁོར་ཆེན་པོ་
ཞིག་གི་ནང་དུ་བཅུག་ནས་ལོག་ཧཱ་བཀག་སྐྱིལ་དོ་དམ་ཁང་དུ་འཁྲིད་ཡོད་པ་དང་། སྐབས་དེའི་འདྲ་དཔར་མང་པོ་སྤྱི་ཚོགས་དྲ་ལམ་ཁག་ལ་དེ་མ་ཐག་ཏུ་ཁྱབ་ཡོད་པ་རེད།

དེ་བཞིན་གྲོང་ཁྱེར་ཧོ་ཆེ་མེནཱ་གྱི་ནང་དུ་ཡང་དེ་འདྲ་བའི་ཁྲོམ་སྐོར་བྱས་ཡོད་ན་ཡང་། མི་འཇུ་བཟུང་བྱས་པའི་དོན་རྐྱེན་བྱུང་མི་འདུག ལོ་ན་༤༧་ཡིན་པའི་ཁྲོམ་སྐོར་བ་བྷུ་ཐེ་མེན་ཧཱང་གིས་ཉེན་རྟོག་པ་ལ་ཁྲོམ་སྐོར་བ་འཛུན་བཟུང་བྱེད་པའི་ཐོབ་ཐང་མེད་
པ་གསར་འགོད་པར་འགྲེལ་བརྗོད་བྱས་ཡོད་པ་རེད།
ཁྲོམ་སྐོར་བྱེད་མཁན་རྣམས་ཀྱིས་ཁོ་ཚོ་རྒྱལ་བཅེས་པ་ཡིན་པ་སྟོན་གྱིན་ཡོད་པ་རེད་ཞེས་བརྗོད་ཡོད།
ཡང་བདུན་ཕྲག་སྔོན་མའི་ནང་དུ་ཝེ་ཏུ་ནཱམ་གཞུང་གཉེར་རྡོ་སྣུམ་ལས་ཁུངས་ཀྱི་ས་འོག་རྟོག་དཔྱད་བྱེད་པའི་གློག་
སྐུད་རྣམས་རྒྱ་ནག་གིས་ཉ་འཛིན་གྲུ་གཟིངས་ཞིག་གིས་བཅད་ཡོད་པ་བཤད་པ་དང་།
སྐུད་པ་གཅོད་ཐེངས་གཅིག་མིན་ཞིང་གཉིས་ཡིན་པར་བཤད་པས་རྐྱེན་ཀྱིས་ཝེ་ཏུ་ནཱམ་རྒྱལ་ནང་དུ་རྒྱ་ནག་ལ་ངོ་རྒོལ་ཤུགས་ཆེན་བྱུང་བཞིན་ཡོད་པ་རེད།

གནས་སྟངངས་ཛ་དྲག་དུ་འགྲོ་བཞིན་པའི་སྐབས་དེར་རྒྱ་ནག་གིས་ཕྱི་སྐྱོད་ལག་འཁྱེར་གསར་པ་བཟོ་འགྲེམས་བྱས་ཡོད་པ་དང་། ལག་ཁྱེར་དེའི་སྟེང་དུ་རྩོད་གཞི་ཅན་གྱི་ས་ཁུལ་དེ་རྣམས་རྒྱ་ནག་གི་ཁུངས་ཡིན་པའི་ས་ཁྲ་བཀོད་ཡོད་པ་རེད། དེར་རྟེན་ལྷོ་རྒྱ་ནག་རྒྱ་ནག་རྒྱ་མཚོའི་བདག་དབང་གི་རྩོད་རྙོག་ཇེ་ཆེར་ཕྱིན་འདུག
ནུབ་གླིང་ཚོམ་བུ་དང་ལྷོ་གླིང་ཚོམ་བུ་གླིང་ཕྲན་ནི་རྡོ་སྣུམ་གྱི་ཕྱུག་པའི་ས་ཁུལ་ཞིག་ཡིན་པ་ངོས་འཛིན་བྱས་ཡོད་པ་དང་རྒྱ་ནག་དང་ཝེ་ཏུ་ནཱམ། ཧྥེ་ལི་ཕིན། མཱ་ལཱ་ཤི་ཡ། འབར་མ། ཐཱི་ཝན་སོགས་ཀྱིས་ཀྱང་གླིང་ཕྲན་ཚོམ་བུ་དེེར་ཁོང་ཚོར་བདག་དབང་ཡོད་ཚུལ་བཤད་ཀྱིན་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།



XS
SM
MD
LG