ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ལྷོ་ཀོ་རི་ཡའི་དམག་གྲུ་གཏོར་བའི་སྐྱོན་འཛུགས་ལ་བྱང་ཀོ་རི་ཡས་ངོས་ལེན་བྱས་མེད་པ།


ལྷོ་ཀོ་རི་ཡའི་དམག་གྲུ་མཚོ་ནང་དིམ་སྐྱོན་བྱུང་རྐྱེན་བྱང་ཀོ་རི་ཡའི་མཚོ་འོག་འབར་མདེལ་གྱིས་གཏོར་རྒོལ་བཏང་པ་ལས་བྱུང་པ་ཡིན་པའི་སྐོར་རྒྱལ་སྤྱིའི་ཞིབ་དཔྱོད་ཚོགས་པ་ཞིག་གིས་སྙན་ཐོ་བཏོན་པར་བྱང་ཀོ་རི་ཡས་ངོས་ལེན་བྱ་རྒྱུའི་ཚབ་ཏུ། སྙན་ཐོ་དེ་ནི་རྫུན་བཟོ་དང་འཁྱོག་བཤད་བྱས་པ་ཞིག་ཡིན་ལུགས་བརྗོད་པ་དང་སྦྲགས། གལ་ཏེ་བྱང་ཀོ་རི་ཡའི་ཐོག་ཏུ་དགྲ་ཤ་ལེན་རྒྱུའི་ངན་བྱུས་གཤམ་གྱི་ཡོད་པ་ཡིན་ཚེ། དེར་བྱང་ཀོ་རི་ཡས་དྲག་ཤུགས་བེད་སྤྱོད་གཏོང་རྒྱུས་མཚོན་པའི་མཁྲེགས་བཟུང་གི་བྱ་ཐབས་ནན་པོ་ལག་བསྟར་བྱ་རྒྱུའི་ཉེན་བརྡ་བཏང་སྟེ་སྒོ་ནས་ཡ་ལན་སྤྲོད་ཀྱི་ཡོད་པ་ཡིན་འདུག

XS
SM
MD
LG