ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨ་རྒྱའི་ཚོང་ལས་གྲོས་མཐུན་རིམ་པ་དང་པོ།


འདས་པའི་ཟླ་ངོ་༢༡་ཡས་མས་ཤིག་ལ་ཨ་མི་རི་ཀ་དང་རྒྱ་ནག་གཉིས་ཀྱིས་ཕན་ཚུན་དངོས་ཟོག་ལ་སྒོ་ཁྲལ་སྤར་རེས་བྱས་ནས་ཚོང་དམག་ཆེན་པོ་ཞིག་ལངས་ཤིང་། ཕྱི་ཟླ་༡༢་པའི་ཚེས་༡༥་ནས་ཨ་རིས་བསྐྱར་དུ་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་རྒྱུའི་དུས་ཆད་ཅིག་ལ་སླེབས་བཞིན་པའི་སྐབས་འདིར་རྒྱ་ནག་དང་ཨ་མི་རི་ཀ་ཚོང་ལས་གྲོས་མཐུན་ཞིག་བྱུང་སྟེ། ཨ་མི་རི་ཀས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་འཆར་ཡོད་པ་རྣམས་ཕྱིར་འཐེན་བྱ་རྒྱུ་དང་། ད་དུང་སྒོ་ཁྲལ་སྤར་ཟིན་པ་དེའི་ཕྱེད་ཀ་ཙམ་ཆག་ཡང་གཏོང་རྒྱུ། རྒྱ་ནག་གིས་དེ་ལ་བཟང་ལེན་གྱི་ཚུལ་དུ་ལོ་ལྟར་ཨ་སྒོར་ཐེར་འབུམ་༥༠་ཐམ་པའི་ཨ་རིའི་ཞིང་ལས་ཐོན་སྐྱེད་ནང་འདྲེན་བྱ་རྒྱུ་བཅས་ཀྱི་གྲོས་མཐུན་རིམ་པོ་དང་པོ་བྱུང་འདུག དེས་ན་ཨ་རྒྱ་གཉིས་ཀྱི་ཚོང་དམག་མཇུག་བསྒྲིལ་རྒྱུར་རེ་བ་གསར་པ་ཞིག་བསྐྲུན་ཡོད་ཀྱང་གྲོས་མཐུན་གྱི་འབྲུ་དོན་ཁག་དོན་འཁྱོངས་ལྡན་པ་ཞིག་ཡོང་ཐུབ་མིན་ནི་ཚོད་དཔག་གི་གནས་སུ་གྱུར་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་རྒྱུ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG