ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨ་རི་རྒྱལ་སྤྱིའི་གནམ་གཤིས་གྲོས་མཐུན་ཁོངས་ནས་ཕྱིར་འཐེན།


སྲིད་འཛིན་ཌོ་ནལ་ཊམ་གྱིས་གཟའ་འཁོར་འདིར་ཨ་མི་རི་ཀ་དངོས་སུ་ཧྥ་རན་སིའི་རྒྱལ་ས་ཕེ་རི་སིར་མིང་རྟགས་བཀོད་པའི་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་སྔོན་འགོག་གི་གྲོས་མཐུན་ཁོངས་ནས་ཕྱིར་འཐེན་བྱས་ཀྱང་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་དང་། ཧྥ་རན་སིའི་སྲིད་འཛིན་མེཀ་ཧོང་གཉིས་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་གནམ་གཤིས་འགྱུར་ལྡོག་སྔོན་འགོག་གི་གྲོས་མཐུན་དེ་འགྱུར་བ་གཏོང་ཐུབ་ཐབས་མེད་པ་ཞིག་ལ་ངོས་འཛིན་བྱས་པ་དང་སྦྲགས། ཁོ་ཚོས་གྲོས་མཐུན་དེར་བརྩི་སྲུང་ཞུས་ནས་གནམ་གཤིས་འགྱུར་ལྡོག་སྔོན་འགོག་གི་ལས་དོན་མུ་མཐུད་དུ་སྤེལ་རྒྱུའི་རྣམ་པ་གསལ་སྟོན་བྱས་ཡོད་པ་བཅས་ཀྱི་སྐོར། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་ཀུན་བཟང་སྒྲོལ་མས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG