ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཧོང་ཀོང་གིས་དབུས་གཞུང་ལ་ཐེ་བྱུས་འབོད་སྐུལ་ཞུ་སྲིད།


ཧོང་ཀོང་གི་གཞུང་འཛིན་སྤྱི་ཁྱབ་ཁེ་རི་ལམ་གྱིས་དེ་རིང་གཟའ་མིག་དམར་ཉིན་མོར་ཟླ་བ་ཁ་ཤས་ཕྱིན་པའི་ངོ་རྒོལ་ལས་འགུལ་དང་། ལྷག་པར་དུ་གཟའ་འཁོར་འདིར་ངོ་རྒོལ་བས་དྲག་སྤྱོད་སྤེལ་ནས་གྲོང་ཁྱེར་གྱི་བརྟན་ལྷིང་དང་རྒྱུན་ལྡན་གྱི་འཚོ་བར་གཏོར་བརླག་བྱས་པ་མུ་མཐུད་དུ་བྱུང་བ་དང་མཚམས་འཇོག་མ་ཐུབ་ཚེ། རྒྱ་ནག་དབུས་གཞུང་ལ་ཐེ་གཏོགས་བྱ་དགོས་པའི་འབོད་སྐུལ་ཞུ་དགོས་ཐུག་སྲིད་ཅེས་བརྗོད་ཡོད་ཅིང་། འདི་དང་དུས་མཚུངས་སུ་ཁེ་རི་ལམ་གྱིས་ད་ལྟའི་ཆར་ངས་མུ་མཐུད་དེ་ང་ཚོ་རང་གིས་ལས་དོན་ཐག་གཅོད་ཀྱི་ཐབས་ལམ་ཞིག་འཚོལ་དགོས་རྒྱུར་ཡིད་ཆེས་ཡོད། པེ་ཅིང་གི་དབུས་གཞུང་གི་ལངས་ཕྱོགས་ཀྱང་ཧོང་ཀོང་གི་གནད་དོན་ནི་ཧོང་ཀོང་རང་གིས་ཐག་གཅོད་བྱ་དགོས་རྒྱུ་དེ་ཡིན་མོད། འོན་ཀྱང་གང་ཅིའི་གནས་སྟངས་ཧ་ཅང་གི་ཛ་དྲག་ཅན་ཞིག་ཏུ་གྱུར་ན་ང་ཚོས་གདམ་ཀ་གཞན་ཞིག་ལག་ལེན་བསྟར་དགོས་ཐུག་སྲིད་ཅེས་གསལ་བཤད་བྱས་ཡོད་པ་སོགས་གནས་ཚུལ་ཐོན་པ་ཁག་པ་སངས་དབྱངས་སྐྱིད་ཀྱིས་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG