ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

སྲིད་སྐྱོང་འཇར་མན་ཎིར་ཕྱོགས་ཕེབས།


༄༅།། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་སང་ཉིན་རེས་གཟའ་པ་སངས་ནས་ཉི་མ་ལྔའི་རིང་ལ་ཡུ་རོབ་རྒྱལ་ཁབ་འཇར་མི་ཎིར་ཕེབས་ནས་རྒྱལ་ཁབ་དེའི་གཞུང་འབྲེལ་མི་སྣ་ཁག་དང་འཇར་མན་ཎིའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་མཇལ་འཕྲད་གནང་རྒྱུ་དང་། ད་དུང་འཇར་གཞུང་དམངས་གཉིས་ཀས་འདས་པའི་ལོ་མང་རིང་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་གང་ལེགས་གནང་བར་ཐུགས་རྗེ་ཆེ་ཞུ་བའི་མཛད་སྒོར་གསུང་བཤད་གནང་འཆར་ཡོད་པའི་སྐོར། རྒྱལ་མཚན་ཚེ་རིང་ལགས་ཀྱིས་འཇར་མན་ཎི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བློ་བཟང་ཕུན་ཚོགས་ལགས་སུ་སྲིད་སྐྱོང་གི་མཛད་རིམ་སྐོར་བཅར་འདྲི་ཞུས་པའི་གནས་ཚུལ་ཞིག་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG