ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་ཁེ་ན་ཌར་འཚོགས་བཞིན་ཡོད་པའི་འཛམ་གླིང་གི་བཟོ་ལས་ཡར་ཐོན་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ལྷན་ཚོགས་ལ་མཉམ་ཞུགས་གནང་རྒྱུ་ཡིན་པ་དང་། ཁེ་ན་ཌེ་དང་ཡུ་རོབ་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོས་སྲིད་འཛིན་ཊོམ་ལ་ངར་ལྕགས་དང་ཧ་ཡང་གི་རིགས་ལ་སྒོ་ཁྲལ་སྤར་པའི་སྲིད་ཇུས་དེར་མོས་མཐུན་མེད། སྒོ་ཁྲལ་སྤར་རྒྱུའི་འཆར་གཞི་དེ་ཕྱིར་འཐེན་བྱ་དགོས་པའི་གནོན་ཤུགས་སྤྲོད་རྒྱུ། དེ་ལྟར་མ་གནང་ན་ཨ་རི་དང་མཐུན་གྲོགས་རྒྱལ་ཁབ་ཁག་ལ་ཚོང་འབྲེལ་གྱི་འཐབ་ཁྲུག་ཅིག་ལང་སྲིད་པའི་ཉེན་བརྡ་གཏོང་འཆར་ཡོད་མོད། ཡིན་ནའང་སྲིད་འཛིན་ཊོམ་ཨ་རིའི་བྱང་ཕྱོགས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཁེ་ན་ཌར་ཕེབས་ཐོན་མ་གནང་གོང་སྟེ། གཟའ་ཕུར་བུའི་ཉིན་མོར་ཊུས་ཊར་དྲྭ་ལམ་དུ་ཁེ་ན་ཌའི་སྲིད་བློན་དང་ཧྥ་རན་སིའི་སྲིད་འཛིན་ལ་སྐྱོན་བརྗོད་ཞུས་ཡོད་པ་སོགས་ཀྱི་སྐོར། པ་སངས་དབྱངས་སྐྱིད་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།

སྟོབས་ཆེན་རྒྱལ་ཁབ་༧་གྱི་ལྷན་ཚོགས་དེའི་རྩོད་གཞི།
please wait

No media source currently available

0:00 0:03:48 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG