ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

ཤིང་ཅང་གི་མེ་འཁོར་བབས་ཚུགས་སུ་འབར་གས་བྱུང་ཡོད་པ།


ཤིང་ཅང་གི་གྲོང་ཁྱེར་གཙོ་བོ་ཨུ་རུ་མུ་ཆིའི་མེ་འཁོར་བབས་ཚུགས་སུ་དེ་རིང་ཕྱི་ཟླ་བཞི་པའི་ཚེས་༣༠ གཟའ་ལྷག་པའི་ཉིན་གྱི་དགོང་དྲོའི་ཆུ་ཚོད་བདུན་པའི་གཡས་གཡོན་དུ་འབར་གས་ཆེན་པོ་ཞིག་བྱུང་ཡོད་པ་དང་ གནས་ཚུལ་ཐོན་གསལ་བྱས་ན་འབར་གས་བྱུང་སྟེ་མི་གྲངས་༥༠ཙམ་ལ་རྨས་སྐྱོན་བྱུང་ཡོད་པ་དང་ འབར་གས་ཀྱི་གནས་ཚུལ་དེ་ནི་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ཚེས་༢༧ནས་༣༠ བར་དུ་ཤིང་ཅང་ནང་དུ་གཟིགས་བསྐོར་གནང་བཞིན་པའི་ཉིན་མཐའ་མ་དེར་བྱུང་བ་ཞིག་ཡིན་པ་དང་ དེ་རིང་ཕྱི་ཚེས་༣༠ཉིན་མོ་དེ་རང་ལ་ སྲིད་འཛིན་ཞི་ཅིང་ཕིང་གིས་ཨུ་རུ་མུ་ཆི་གྲོང་ཁྱེར་ནང་དུ་ངལ་རྩོལ་དུས་ཆེན་ལ་འཚམས་འདྲིའི་ཆེད་དུ་གཏམ་བཤད་དང་ངལ་རྩོལ་སྔོན་ཐོན་མི་སྣ་ཁག་ལ་མཇལ་འཕྲད་སོགས་གནང་ཡོད་པ་དང་འབར་གས་བྱུང་བའི་སྐབས་དེ་རང་ལ་སྲིད་འཛིན་ཞི་ཅིང་ཕིང་ད་དུང་ཨུ་རུ་མུ་ཆི་ནང་ཡོད་དང་ཐོན་ཟིན་ཡོད་མེད་ཁ་གསལ་མེད་པ་རེད།
XS
SM
MD
LG