ངོ་འཕྲད་བདེ་བའི་དྲ་འབྲེལ།

༄༅།། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱིས་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདེལ་ཚོད་ལྟ་བྱ་རྒྱུ་མཚམས་འཇོག་བྱས་པ་ཡིན་ཞེས་གསལ་བསྒྲགས་སྤེལ་བར་དགའ་བསུ་ཞུས་འདུག་ཅིང་། དེ་ཡང་དགའ་ལྡན་ཕོ་བྲང་གི་དྲ་རྒྱའི་ཐོག་ཏུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཡོངས་ཁྱབ་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་དེར་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདེལ་ཚོད་ལྟ་བྱ་རྒྱུ་མཚམས་འཇོག་བྱས་པའི་གསལ་བསྒྲགས་བྱས་པར་དགའ་བསུ་ཡོད། ལྷག་པར་དུ་ལྷོ་བྱང་ཀོ་རི་ཡ་གཉིས་དང་ཨ་རི་བཅས་ཀྱིས་ཞི་བའི་གྲོས་མོལ་གྱི་ལམ་ནས་གྲོས་མཐུན་ཞིག་འཇོག་ཐབས་བྱེད་བཞིན་པ་དེས་མགོན་པོ་མཆོག་ལ་སེམས་སྐུལ་ཆེན་པོ་ཐེབས་བྱུང་ཞེས་གསུངས་འདུག་པ་མ་ཟད། ཡོངས་ཁྱབ་བསྒྲགས་གཏམ་དེར་མུ་མཐུད་དུ་འཁོད་པ་ལྟར་ན་ལྷོ་བྱང་ཀོ་རི་ཡའི་དབུ་ཁྲིད་རྣམ་གཉིས་ཐུག་འཕྲད་གནང་གི་ཡོད་པ་དང་། དེའི་རྗེས་སུ་ཨ་རིའི་སྲིད་འཛིན་དང་ཀིམ་ཇུང་ཨུན་གཉིས་ཐུག་འཕྲད་གནང་ནས་སྔོན་ཆད་མི་མཐུན་པའི་འགལ་ཟླ་ཡོད་པ་རྣམས་མཛའ་མཐུན་དང་འགྲིགས་འཇགས་ཀྱི་འདུ་ཤེས་ཐོག་ཏུ་ཕྱི་གསལ་ནང་གསལ་གྱི་ལམ་ནས་སེལ་ཐབས་ཡོང་བའི་རེ་བ་ཡོད་ཅེས་གསུངས་ཡོད་པ་རེད།།

རྡུལ་ཕྲན་མཚམས་འཇོག་ལ་༧གོང་ས་མཆོག་གིས་དགའ་བསུ།།
please wait

No media source currently available

0:00 0:06:23 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG