ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གི་སྐུ་ཚབ་ཀྱིས་ཨ་རིར་༧གོང་ས་མཆོག་གདན་འདྲེན་ཞུ་མི་ཆོག་ཟེར།


ཉེ་དུས་ལྷ་ས་གྲོང་ཁྱེར་སྲིད་གཞུང་གི་དམར་ཤོག་ཚོགས་པའི་དྲུང་ཆེ་པདྨ་དབང་འདུས་ཀྱིས་སྣེ་ཁྲིད་པའི་རྒྱ་ནག་གི་སྐུ་ཚབ་ཚོགས་པ་ཞིག་ཁེ་ན་ཌར་སླེབས་པའི་རྗེས་སུ་ ཨ་རིའི་སན་ཧྥ་རན་སི་སི་ཀོ་གྲོང་ཁྱེར་དང་། དེ་ནས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ལ་འབྱོར་པའི་སྐབས་ཏེ། ཕྱི་ཟླ་༥་པའི་ཚེས་༡༤་ཉིན་རྒྱ་ནག་གི་སྐུ་ཚབ་ཚོས་ཨ་རིའི་གྲོས་ཚོགས་འཐུས་མི་ཁག་ཅིག་ལ་མཇལ་འཕྲད་ཀྱིས་ཨ་རིའི་སྲིད་གཞུང་གིས་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་ ཏཱ་ལའི་བླ་མ་མཆོག་ལ་རྒྱབ་སྐྱོར་ཞུ་མི་ཆོག་ཅེས་ནན་སྐུལ་ཞུས་ཡོད་པ་སོགས་ཀྱི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ལ་ཐོན་པའི་གནས་ཚུལ་དང་། ཝ་ཤིང་ཊོན་དུ་བཅའ་སྡོད་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལ་བཅར་འདྲི་ཞུས་པ་དེ་གསན་རོགས་གནང་།

XS
SM
MD
LG