ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཝུ་ཧན་གྱི་ནད་དུག་དང་རྒྱ་ནག་དམར་ཤོག་ཚོགས་པ།


༄༅།། རྒྱ་ནག་གི་་ཧན་གྲོང་ཁྱེར་ནས་ཁྱབ་པའི་ནད་དུག་དེ་མགྱོགས་མྱུར་གྱིས་ཧོང་ཀོང་དང་ཐེ་ཝན། རྒྱ་ནག་གི་ཉེ་འཁོར་རྒྱལ་ཁབ་ཁག་དང་ཨ་མི་རི་ཀ ཡུ་རོབ་སོགས་ས་ཁུལ་མང་དག་ཅིག་ལ་ཁྱབ་ཀྱི་ཡོད་ཅིང་། ཞིས་ཅི་ཕིང་གིས་རྒྱ་མིའི་ལོ་སར་ཚེས་གཅིག་ཉིན་ཛ་དྲག་གི་ཚོགས་འདུ་བསྐོངས་ནསགོས་ནད་དེའི་ཚབས་ཆེའི་རང་བཞིན་གསལ་སྟོན་བྱས་ཡོད་པ་དང་། ནད་དུག་དེའི་འབྱུང་ཁུངས་ཝུ་ཧན་ལ་རིམས་ནད་གང་ནས་ོང་བ་རེད་དམ། ནད་དུག་དེ་གང་ནས་ཡོང་བ་ཡིན་རུང་རིམས་ནད་དེ་འགོས་ཁྱབ་འགྲོ་བཞིན་པ་འགོག་ཐུབ་ཀྱི་མེད་པ་དེས་རྒྱ་ནག་དམར་ཤོག་ཚོགས་པའི་དབང་སྒྱུར་ལ་ཉེན་ཀ་འབྱུང་སྲིད་ཅེས་ཧོང་ཀོང་དུས་བབཀྱི་དཔྱད་བརྗོད་པ་ཕན་ཏན་ཁཱེས་གླེང་བརྗོད་སྤེལ་ཡོད་པའི་སྐོརའདི་ག་རླུང་འཕྲིན་ཁང་གི་གསར་འགོད་པས་སྤེལ་བའི་གནས་ཚུལ་དེ་་བདེ་ཆེན་རྒྱ་མཚོས་ཕབསྒྱུར་གྱིས་སྙན་སྒྲོན་ཞུ་ཡི་རེད

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG