ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༥/༠༤/༢༩

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ།


བཞུགས་སྒར་རྡ་རམ་ས་ལའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ལོ་ལྟར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ལ་རྟོག་ཞིབ་ཀྱིས་སྙན་ཐོ་འདོན་གྱི་ཡོད་པ་ལྟར་༢༠༡༧་ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཞིབ་འཇུག་བྱས་པའི་སྙན་ཐོ་ཞིག་འདོན་སྤེལ་གནང་ཡོད་ཅིང་། ཐེངས་འདིའི་སྙན་ཐོའི་ནང་དུ་རྒྱ་ནག་གཞུང་གིས་བོད་ས་ཡོངས་སུ་འཕྲུལ་ཆས་འདྲ་མིན་བརྒྱུད་ནས་བོད་མི་ཚོའི་ཐོག་ལ་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་པ་གསལ་སྟོན་གནང་ཡོད་པའི་སྐོར། ང་ཚོའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་ཞིབ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG