ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

བལ་ཡུལ་གྱི་སྲིད་བློན་རྒྱ་ནག་ལ་འཚམས་འདྲིར་ཕེབས་པ།


༄༅།། བལ་ཡུལ་གྱི་སྲིད་བློན་ཀེ་པི་ཨོ་ལི་རྒྱ་ནག་ལ་ཉིན་དྲུག་གི་འཚམས་འདྲིར་ཕེབས་ནས་དེ་རིང་ཕྱི་ཚེས་༡༩་རྒྱ་ནག་གི་རྒྱལ་ས་པེ་ཅིང་ལ་འབྱོར་ཟིན་ཡོད་ཅིང་། ཐེངས་འདིའི་སྲིད་བློན་ཨོ་ལིའི་འཚམས་འདྲིའི་སྐབས་སུ་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་དང་སྲིད་བློན་ལི་ཁེ་ཆང་བཅས་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཚོར་ཐུག་འཕྲད་གྲོས་མོལ་གནང་སྟེ་བལ་ཡུལ་དང་རྒྱ་ནག་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་རྒྱ་བསྐྱེད་གནང་ཕྱོགས་སུ་གྲོས་མོལ་གནང་འཆར་ཡོད་པར་མ་ཟད། སྲིད་བློན་ཨོ་ལི་བལ་ཡུལ་ལ་ཕྱིར་ལོག་གནང་དུས་བོད་ཀྱི་རྒྱལ་ས་ལྷ་སར་ཕེབས་ནས་བོད་རང་སྐྱོང་ལྗོངས་ཀྱི་ས་གནས་དཔོན་རིགས་ཚོར་གྲོས་མོལ་གནང་འཆར་ཡོད་པ་སོགས་ཀྱི་སྐོར། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གི་ཐོག་ཏུ་ཐོན་པའི་གནས་ཚུལ་དེ་ཕུན་ཚོཌ་ཚེ་རིང་གིས་ཕྱོགས་བསྒྲིགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG