ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བལ་ཡུལ་གྱིས་རྒྱ་ནག་གི་ལས་གཞི་ལ་དང་ལེན་བྱས་མེད་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


རྒྱ་ནག་གིས་ཨ་སྒོར་ཁྲག་ཁྲིག་ཆེན་མོ་གཉིས་དང་ཕྱེད་ཀའི་དཔལ་འབྱོར་འགྲོ་གྲོན་བཏང་ནས་བལ་ཡུལ་ལ་ཆུ་གློག་ས་ཚིགས་ཤིག་འཛུགས་སྐྲུན་བྱ་རྒྱུའི་ལས་འཆར་ལ་བལ་ཡུལ་གཞུང་གིས་དང་ལེན་བྱས་མེད་ཅིང་། འདི་ནི་བལ་ཡུལ་གྱི་སྲིད་གཞུང་སྔོན་མས་རྒྱ་ནག་ལ་གྲོས་མཐུན་བཞག་པ་ཞིག་ཡིན་རུང་སྲིད་གཞུང་གསར་པས་གྲོས་མཐུན་དེར་བརྩི་མེད་གཏོང་གི་ཡོད་པ་རེད།

བལ་ཡུལ་སྲིད་བློན་ཟུར་པའི་སྲིད་གཞུང་གིས་སྤྱི་ལོ་༢༠༡༦་ལོར་རྒྱ་ནག་གཞུང་ལ་གྲོས་མཐུན་ཞིག་བཞག་ནས་བལ་ཡུལ་གྱི་གྷན་དྷ་ཁེ་གཙང་པོའི་བཞུར་ལམ་དུ་བྷུ་དྷི་གྷན་དྷ་ཁེ་ཆུ་གློག་ས་ཚིགས་ཤིག་འཛུགས་སྐྲུན་བྱ་རྒྱུ་བྱས་ཀྱང་སྤྱི་ལོ་༢༠༡༨་ལོར་གསར་དུ་འདེམས་ཐོན་བྱུང་བའི་བལ་ཡུལ་གྱི་སྲིད་བློན་གསར་པ་ཕིར་སཱ་དྷི་ཨོ་ལེས་བལ་ཡུལ་དུ་ཆུ་གློག་འཛུགས་སྐྲུན་གྱི་ལས་གཞི་དེའི་གྲོས་གཞི་རྩ་མེད་བཟོ་རྒྱུ་དང་། བལ་ཡུལ་སྲིད་གཞུང་གིས་རྒྱ་ནག་གི་ཆུ་གློག་འཛུགས་སྐྲུན་དེར་མོས་མཐུན་མེད་པ་གསལ་བསྒྲགས་ཀྱིས་རྒྱ་ནག་གི་གཞུང་འབྲེལ་བཟོ་ཚོང་ཁང་སྟེ། ཆུ་གློག་འཛུགས་སྐྲུན་འདིའི་ལས་དོན་བྱེད་མཁན་ལ་ཐད་ཀར་འབྲེལ་བ་བྱས་ནས་བལ་ཡུལ་ལ་ཆུ་གློག་འཛུགས་སྐྲུན་བྱ་རྒྱུ་དེར་མོས་མཐུན་མེད་ཅེས་བརྡ་ལན་སྤྲད་འདུག

རྒྱ་གར་གཞུང་གིས་གཟའ་མིག་དམར་ཉིན་རྒྱ་ནག་གིས་བལ་ཡུལ་ལ་མ་རྩ་ཕོན་ཆེན་བཏང་སྟེ་འཛུགས་སྐྲུན་གཙོས་ལས་འཆར་ཁག་སྤེལ་ན་རྒྱལ་ཁབ་གཉིས་ཀྱི་སྣོད་བཅུད་དང་དཔལ་འབྱོར་སོགས་ལ་ཤུགས་རྐྱེན་གང་འདྲ་ཞིག་ཐེབས་བཞིན་ཡོད་མེད་ལ་རྟོག་ཞིབ་བྱ་རྒྱུ་དང་དེའི་རྗེས་སུ་རྒྱ་གར་གྱིས་བལ་ཡུལ་ལ་མཉམ་འབྲེལ་གང་འདྲ་བྱ་རྒྱུ་ཡིན་མིན་བཅས་ལ་བལྟ་རྒྱུ་ཡིན་ཞེས་བརྗོད་པས་བལ་ཡུལ་གཞུང་གིས་རང་གི་ལངས་ཕྱོགས་གསལ་སྟོན་བྱས་པ་ཞིག་རེད་ཅེས་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་བཞིན་འདུག

XS
SM
MD
LG