ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་སྲུང་བརྩི།


རྒྱ་གར་ལྷོ་ཕྱོགས་སུ་ཆགས་པའི་བྱེས་ཀྱི་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོར་པཎ་ཆེན་སྐུ་ཕྲེང་༡༡་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་༢༩་བཞེས་པའི་སྐུའི་འཁྲུངས་སྐར་ལ་སྲུང་བརྩི་རྒྱུའི་ཆེད་དུ་འཁུར་རའི་སྟེང་དུ་ལཱ་སྒྲོན་འབུམ་གཅིག་དང་ཁྲི་གསུམ་སྤར་ནས་ཟིན་ཐོ་གསར་པ་ཞིག་འགོད་ཐབས་བྱས་ཡོད་ཅིང་། ལཱ་སྒྲོན་རེ་རེས་བོད་པ་བཙན་བྱོལ་བ་རེ་རེའི་ཡིད་ཆེས་དང་རེ་བ་རྣམས་མཚོན་གྱི་ཡོད་པ་མ་ཟད། རྒྱ་གར་ལྷོ་ཕྱོགས་སུ་འཁྲུངས་སྐར་སྲུང་བརྩི་ཞུས་ནས་པཎ་ཆེན་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེ་གར་སོང་ཆ་མེད་དུ་གྱུར་པའི་ཐབས་རྡུགས་ཀྱི་གནས་སྟངས་དྲིལ་བསྒྲགས་ཆེ་རུ་གཏོང་ཐབས་བྱས་པའི་སྐོར། བསོད་ནམས་དབྱངས་འཛོམས་ཀྱིས་གནས་ཚུལ་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཕྱི་ཚེས་༢༥་ནི་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་༡༡་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོའམ། པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་༢༩་ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཡིན་ཞིང་། འཛམ་གླིང་ཡུལ་གྲུ་གང་སར་བོད་པ་དང་བོད་དོན་རྒྱབ་སྐྱོར་པ་ཚོས་པཎ་ཆེན་སྐུ་ཕྲེང་༡༡་པའི་འཁྲུངས་སྐར་ལ་སྲུང་བརྩི་ཞུས་ཏེ་རྒྱ་ནག་གཞུང་ལ་པཎ་ཆེན་རིན་པོ་ཆེ་མྱུར་དུ་གློད་གློལ་གཏོང་དགོས་པའི་ལས་འགུལ་མང་པོ་ཞིག་སྤེལ་བཞིན་ཡོད་པ་སྟེ། ཕྱི་ཚེས་༢༥་ཉིན་ཡུ་རོབ་རྒྱལ་ཁབ་ཧྥ་རན་སིའི་རྒྱལ་ས་ཕེ་རི་སི་ལ་བོད་པ་ཚོས་པཎ་ཆེན་པོ་ཆེའི་འཁྲུངས་སྐར་སྲུང་བརྩི་དང་། རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ཞིག་དུས་མཉམ་དུ་སྤེལ་ཡོད་པའི་སྐོར། རིག་འཛིན་གྱིས་འབྲེལ་ཡོད་མི་སྣར་གནས་དྲི་ཞུས་པ་ཞིག་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG