ཨ་མི་རི་ཀར་གནས་སྡོད་བོད་ཀྱི་གཞས་མ་ན་ཆུང་བསྟན་འཛིན་སྒྲོལ་མ་ལགས་ཀྱིས། སྤྱི་ཟླ་གསུམ་པའི་ཚེས་༢༢ཉིན་གྱི་དགོང་དྲོ་གྲོང་ཁྱེར་ནིའུ་ཡོག་གི་ཚོགས་ཁང་ཆེ་མོ་ཞིག་ཏུ། ལྷ་དཀར་ཞེས་པའི་རང་གི་གླུ་གཞས་ཀྱི་འོད་སྡེར་དང་པོ་དེ་དྲིལ་བསྒྲགས་བྱེད་པའི་མཚན་ཚོགས་ཤིག་སྐོང་འཚོག་གནང་བར། བོད་མི་ལྔ་བརྒྱ་ལྷག་འདུ་འཛོམས་བྱུང་སྟེ་རྒྱབ་སྐྱོར་ཤུགས་ཆེ་ཐོབ་ཡོད་པའི་སྐོར། འདི་ག་བོད་སྐད་སྡེ་ཚན་གྱི་གསར་འགྱུར་མཁོ་གཏོང་བ། བསྟན་འཛིན་ཕན་ཐོགས་ལགས་ཀྱིས་གྲོང་ཁྱེར་ནིའུ་ཡོག་ནས་བཏང་བའི་གནས་ཚུལ་ཅིག་གསན་རོགས་གནང་།།