ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

འབྲི་རུ་རྫོང་དུ་ངོ་རྒོལ།


འབྲི་རུ་རྫོང་དུ་ངོ་རྒོལ།
please wait

No media source currently available

0:00 0:01:54 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

བོད་ནས་གནས་ཚུལ་འབྱོར་བའི་ནང་ཕྱི་ཟླ་ ༩ ཚེས་ ༢༨ ཉིན་ཁམས་འབྲི་རུ་རྫོང་ནང་བོད་མི་བརྒྱ་ཕྲག་མང་པོས་རྫོང་མི་དམངས་སྲིད་གཞུང་ལས་ཁུངས་སྒོ་འགྲམ་དུ་ཟས་བཅད་ཞི་བའི་ངོ་རྒོལ་ལས་འགུལ་སྤེལ་འདུག་པ་དང་། ཟས་བཅད་ངོ་རྒོལ་བྱེད་མཁན་གྱི་ཁོངས་སུ་བྱིས་པ་ལོ་ན་ཆུང་ཆུང་ནས་ལོ་ན་རྒན་ཤོས་ལོ་༨༣ ལ་བསླེབས་པའི་བར་ཡོད་པའི་འགྲེལ་བརྗོད་བྱས་འདུག གནས་ཚུལ་བྱུང་ཁུངས་ཀྱིས་འགྲེལ་བརྗོད་བྱས་དོན་ལ་ ཕྱི་ཟླ་ ༩ ཚེས་༢༨ ཉིན་ རྒྱ་ནག་གཞུང་གིས་བཙན་ཤེད་ཀྱི་རྒྱ་མིའི་རྒྱལ་དར་སྒྲེང་འཛུགས་བྱེད་དགོས་པའི་བཙན་བཀའ་བཏང་བར་ མོ་བ་གྲོང་ཚོའི་མི་མང་ཚོས་མ་འདོད་པའི་རྣམ་འགྱུར་བསྟན་པ་མ་ཚད་རྒྱ་ནག་གི་རྒྱལ་དར་ཚང་མ་ཆུ་ལ་གཡུག་འདུག་པ་དང་། དེ་རྗེས་སྲིད་གཞུང་གིས་ཉེས་རྟོགས་པ་དང་དམག་མི་འབོར་ཆེན་བཏང་ནས་མང་ཚོགས་དང་དམག་མི་དབར་གདོང་ཐུག་བྱུང་འདུག སྐབས་དེར་མོ་བ་གྲོང་ཚོའི་གཡས་གཡོན་ནས་མི་བཞི་བཅུ་ཙམ་འཛིན་བཟུང་བྱས་ནས་བཙོན་ལ་བཅུག་པ་མ་ཚད་སྲིད་གཞུང་གིས་གནས་ཚུལ་དེར་འབྲེལ་བ་ཡོད་པ་ཚོའི་ཕྲུ་གུ་སློབ་གྲར་འགྲོ་མི་ཆོག་པ་སོགས་ཀྱི་སྡིག་ར་བཏང་ཡོད་པའི་འགྲེལ་བརྗོད་བྱས་འདུག ཕྱི་ཚེས་ ༢༨ དགོང་མོ་ཚོུད་ ༧ ཙམ་ནས་རྫོང་སྲིད་གཞུང་གི་ལས་ཁུངས་སྒོ་འགྲམ་དུ་མི་མང་ཆིག་སྟོང་ཙམ་འཛོམས་ནས་ཚོུད་ ༢༤ རིང་ཞི་རྒོལ་ཆེ་མོ་སླར་ཡང་འགོ་འཛུགས་ཀྱིས་རྫོང་མི་མང་སྲིད་གཞུང་གི་སྒོ་འགྲམ་དུ་ཉལ་ནས་བསྡད་འདུག་པ་མ་ཟད། ཟས་བཅད་ངོ་རྒོལ་གྱི་ལས་འགུལ་བྱས་ཡོད་པའི་འགྲེལ་བརྗོད་བྱས་འདུགཡང་གནས་ཚུལ་བྱུང་ཁུངས་ཀྱིས་འགྲེལ་བརྗོད་བྱས་དོན་ལ་ མོ་བ་གྲོང་ཚོའི་ནང་དམག་སྒར་བརྒྱབ་ནས་སྡོད་ཚང་རེའི་སྒོ་ཁར་དམག་མི་བདུན་རེ་ནམ་ཉིན་མཚན་མེད་པར་ལངས་ནས་མི་གཅིག་ཀྱང་སྒོ་ཁར་ཐོན་མི་བཅུག་བ་དང་། ཟོག་ལས་བྱེད་མི་བཅུག་པ། གྲོང་དེར་མི་སུ་སོང་ཡང་འཛིན་བཟུང་བྱེད་བཞིན་པ་སོགས་དྲག་གནོན་འོག་གནས་ཡོད་པ་དང་། རེས་གཟའ་མིག་དམར་ནས་ས་གནས་དེ་མི་མང་རྣམས་ཀྱིས་རྫོང་སློབ་ཆུང་གི་སློབ་ཕྲུག་ཚང་མར་ཕྱིར་འཐེན་བྱས་ཏེ་ད་སྐབས་སློབ་གྲྭར་འགྲོ་མཁན་མེད་ནས་ཉིན་གཉིས་སོང་ཡོད་པ་དང་། ས་གནས་སུ་ད་ལྟའི་གནས་སྐབས་སུ་ཧ་ཅང་ཛ་དྲག་ངང་གནས་ཡོད་སྐོར་འགྲེལ་བརྗོད་བྱས་འདུག ས་གནས་དེར་ཁ་པར་དང་དྲ་ཚིགས་སོགས་ལ་བཀག་འགོག་བྱས་ནས་འབྲེལ་བ་ཞུ་རྒྱུར་དཀའ་འཕྲད་ཀྱི་འདུག་པས་ ང་ཚོས་གནས་ཚུལ་འདི་སྐོར་གནས་ཚུལ་གསར་པ་ཤེས་རྟོགས་བྱུང་མཚམས་རླུང་འཕྲིན་དང་བརྙན་འཕྲིན་གྱི་ལས་རིམ་ནང་མུ་མཐུད་རྒྱང་སྲིང་ཞུ་རྒྱུའི་འབད་བརྩོན་ཞུ་གི་ཡིན།

XS
SM
MD
LG