བོད།

ཊི་སི་ཝི་བོད་ཕྲུག་ཁྱིམ་སྡེ།

Jetsun PemaJetsun Pema
x
Jetsun Pema
Jetsun Pema

Watch Kunleng TV LIVE! (Windows)

ཐེངས་འདིའི་ལས་རིམ་ལ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་ལ་བཅར་འདྲི་ཞུས་པའི་བརྙན་འཕྲིན་ཚན་པ་ཞིག་དང་། འདས་པའི་དུས་རབས་ཕྱེད་ཀ་ལྷག་ལ་ཊི་སི་ཝི་བོད་ཕྲུག་ཁྱིམ་སྡེས་གཞིས་བྱེས་གཉིས་ཀྱི་བོད་ཕྲུག་ཁྲི་ཚོ་མང་པོར་སློབ་སྦྱོང་སོགས་ཀྱི་གོ་སྐབས་བསྐྲུན་པ་སོགས་ལ་བགྲོ་གླེང་བྱེད་རྒྱུ་ཡིན། དེ་རིང་གི་བགྲོ་གླེང་ལས་རིམ་ལ་རྒྱལ་ས་ཝ་ཤིང་ཊོན་ནས་ཊི་སི་ཝིའི་སློབ་ཕྲུག་ཟུར་པ་ལྷུན་གྲུབ་རྗེ་རྗེ་ལགས་དང་ བོད་ནས་ཕེབས་པའི་ཊི་སི་ཝིའི་སློབ་ཕྲུག་ཟུར་པ་ཚེ་རིང་སྐྱིད།ལགས་མཉམ་ཞུགས་བྱེད་ཀྱི་ཡོད།

ཀུན་གླེང་ནི་འཁོར་སྐར་བརྒྱུད་ནས་བལྟ་ཐུབ་པ་དང་ རླུང་འཕྲིན་ཐོག་ཏུ་ཉན་ ཐུབ་པ་མ་ཟད། ད་དུང་དྲ་རྒྱ་བརྒྱུད་ནས་ཀྱང་དུས་ཐོག་ཏུ་བལྟ་ཉན་བྱེད་ཐུབ་པ་དང༌། བདུན་ཕྲག་རེའི་གཟའ་ལྷག་པ་དང་གཟའ་པ་སངས་ནམ་ཡིན་ལ་འཛམ་གླིང་གཅིག་གྱུར་གྱི་ཆུ་ ཚོད་༡༤་ནས་༡༥་བར་རམ། ཡང་ན་ལྷ་སའི་དགོང་མོའི་ཆུ་ཚོད་༡༠་ནས་༡༡་བར་དུ་ཀུན་གླེང་ལ་བལྟ་ཉན་ཐུབ་ཅིང༌། བོད་དང་རྒྱ་ནག་ནས་ཁ་པར་ཨང་གྲངས་༡༠༨༨༨༨་མནན་ཚེ། ཨེ་ཊི་ཨེན་ཊི་ཞེས་པའི་སྒྲ་ཞིག་ཐོས། དེའི་རྗེས་སུ་ཁ་པར་ཨང་གྲངས་༨༦༦ ༨༣༧ ༥༡༥༩ མནན་ན་སྐུ་ཉིད་ཀྱིས་རིན་པ་སྤྲོད་མི་དགོས་པའི་ཁ་པར་དེ་ང་ཚོར་འཕྲོད། ཨ་རི་དང་རྒྱལ་ཁབ་གཞན་ནས་༡ ༢༠༢ ༦༡༩ ༣༧༧༤ མནན་ནས་ཁ་པར་འབྲེལ་མཐུད་པར་རིན་པ་ཨ་རིའི་རླུང་འཕྲིན་ཁང་ལ་སྤྲོད་དུ་འཇུག་ དགོས་ཞེས་མངགས་བཀོད་བྱེད་ན་ཁ་པར་གྱི་རིན་པ་ང་ཚོས་སྤྲོད་ངེས་ཡིན། ཡང་ན་སྔོན་ནས་སྐུ་ཉིད་ཀྱི་མིང་དང་ཁ་པར་ཨང་གྲངས་ང་ཚོར་བསྐུར་ཚེ། ང་ཚོས་ཀུན་གླེང་གི་བགྲོ་གླེང་སྐབས་སུ་སྐུ་ཉིད་ལ་འབྲེལ་བ་བྱེད་ཆོག་པ་དང༌། གལ་ཏེ་སྐུ་ཉིད་ཀུན་གླེང་ལ་དངོས་སུ་མཉམ་ཞུགས་མི་ཐུབ་ཀྱང་ང་ཚོར་ tibetantv@voanews.com བརྒྱུད་ནས་ཨི་མེལ་གཏོང་བའམ། ཡང་ན་ཧཕེཀ་སི་ཨང་གྲངས་༡ ༢༠༢ ༣༨༢ ༥༥༩༦ བརྒྱུད་ནས་དྲི་བ་བསྐུར་གནང་ཡོད་པ་ཞུ།
Your JavaScript is turned off or you have an old version of Adobe's Flash Player. Get the latest Flash player.
དྲ་བརྙན་གསར་འགྱུར། ༢༠༡༥ ཟླ་ ༦ ཚེས་༢༧i
X
2015.07.27
བརྙན་འཕྲིན།

བརྙན་འཕྲིན། བོད་སྐུ་ཚབ་དོན་གཅོད་ཁག་གི་ཕྱག་ལས། ལྷོ་ཨ་ཕྷེ་རི་ཀའི་སྐུ་ཚབ་དོན་གཅོད་ཁང་།

རྒྱལ་ས་ཝ་ཤིང་ཌོན་དུ་བོད་ཀྱི་སྐུ་ཚབ་དོན་གཅོད་ཚོའི་ཟབ་སྦྱོང་ཞིག་ཕྱི་ཟླ་ལྔ་པའི་གནང་བའི་སྐབས་དང་བསྟུན་ནས་ཕྱི་རྒྱལ་དུ་ཡོད་པའི་སྐུ་ཚབ་དོན་གཅོད་ཁང་ཁག་གི་ས་གནས་སོ་སོར་ཕྱག་ལས་གནང་ཕྱོགས་སྐོར་ལ་བཅར་འདྲི་ཞུས་པའི་ལས་རིམ་དུམ་བུ་གཉིས་པ་དེའི་ནང་ལྷོ་ཨ་ཕྷེ་རི་ཀའི་སྐུ་ཚབ་དོན་གཅོད་སྣང་ས་ཆོས་སྒྲོན་ལགས་ལ་བཅར་འདྲི་ཞུས་པ་དེ་གཟིགས་རོགས་གནང་།
བརྙན་འཕྲིན།

བརྙན་འཕྲིན། བོད་སྐུ་ཚབ་དོན་གཅོད་ཁག་གི་ཕྱག་ལས། བྱང་ཨ་རིའི་སྐུ་ཚབ་དོན་གཅོད།

འདི་ག་རྒྱལ་ས་ཝ་ཤིང་ཌོན་དུ་བོད་ཀྱི་སྐུ་ཚབ་དོན་གཅོད་ཚོའི་ཟབ་སྦྱོང་ཞིག་ཕྱི་ཟླ་ལྔ་པའི་གནང་བའི་སྐབས་དང་བསྟུན་ནས་ཕྱི་རྒྱལ་དུ་ཡོད་པའི་སྐུ་ཚབ་དོན་གཅོད་ཁང་ཁག་གི་ས་གནས་སོ་སོར་ཕྱག་ལས་གནང་ཕྱོགས་སྐོར་ལ་བཅར་འདྲི་ཞུས་པའི་ལས་རིམ་དུམ་བུ་གཉིས་པ་དེའི་ནང་བྱང་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་ཨུ་དཀར་ཚང་སྐལ་རྡོར་ལགས་ལ་བཅར་འདྲི་ཞུས་པ་དེ་གཟིགས་རོགས་གནང་།
བརྙན་འཕྲིན།

བརྙན་འཕྲིན། ཀུན་གླེང་གསར་འགྱུར། ༢༠༡༥ ཟླ་ ༦ ཚེས་༢༤

བློ་བཟང་ཡེ་ཤེས་འདས་གྲོངས། ཨ་རིའི་གྲོས་ཚོཊ་ཀྱི་རྒྱ་ནག་ཞིབ་འཇུག་ཉན་ཞིབ། རྒྱ་ནག་དོན་གཅོད་ཁང་ལ་ངོ་རྒོལ། རྔ་པ་རྨེའུ་རུ་མའི་དབང་མོ་གློད་ཀྲོལ། སྲིད་སྐྱོང་འོས་མིའི་གཏམ་བཤད།

འབྲེལ་མཐུད་བརྒྱུད་ལམ།