ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

རྒྱ་ནག་གི་འགོ་ཁྲིད་དབང་ཆ་རྩིས་སྤྲོད་རྩིས་ལེན་ཉིན་བོད་མི་གཉིས་ཀྱི་རང་སྲེག་ངོ་རྒོལ།


དེ་རིང་རྒྱ་ནག་དམར་ཤོག་གཞུང་གི་དམར་ཤོག་མགོ་ཁྲིད་མི་རབས་ལྔ་བའི་དབང་ཆ་རྩིས་ལེན་གྱི་ཉིན་འདིར། བོད་མདོ་སྨད་རེབ་གོང་རྒྱལ་བོ་ཀླུ་ཆུའི་ཆུ་ཇ་སྡེ་བའི་རང་ལོ་ ༡༨ ཡིན་པ་མཁའ་འབུམ་རྒྱལ་ལགས་དང་། ཡང་རེབ་གོང་བཙན་མོ་ཞང་མགོ་དགེ་སྡེ་བའི་རང་ལོ་ ༢༣ ཡིན་པ་བུ་མོ་ཏང་འཛིན་སྒྲོལ་མ་གཉིས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་སྐུ་འདས་གྲོངས་སུ་ཕྱིན་ཡོད་པ་དང་། ཡང་བུ་མོ་ཏིང་འཛིན་སྒྲོལ་མ་ལགས་ཀྱིས་མེར་བསྲེགས་མ་བཏང་བའི་སྔོན་དེར་སྡེ་བའི་འདུ་ཁང་དུ་བསང་མཆོད་བྱས་ཏེ་༧རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་དགོས་ཞེས་བསང་ཡིག་གི་ནང་དུ་ཡང་ཡང་འབོད་སྒྲ་བསྒྲགས་ཡོད་འདུག གནས་ཚུལ་ཞིབ་ཕྲ་ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་གནང་གི་རེད།
XS
SM
MD
LG