ཨ་རི།

ཨ་རིའི་གཞུང་གྲོན་དངུལ་རྩིས་གཏན་འབེབས་མ་ཐུབ་པར་དཔལ་འབྱོར་གཡང་ལ་ལྷུང་ཉེན།

ཕྱི་ཟླ་དང་པོའི་ཚེས་༡་ཉིན་ཨ་མི་རི་ཀའི་གཞུང་གྲོན་དངུལ་རྩིས་གསར་པ་གཏན་འབེབས་བྱས་ཚར་དགོས་པ་དང་། གལ་ཏེ་སྲིད་འཛིན་ཨོ་བྷ་མའི་གཞུང་དང་གྲོས་ཚོགས་གོང་འོག་གི་འགོ་ཁྲིད་ཚོ་ཨ་མི་རི་ཀའི་གཞུང་གྲོན་དངུལ་རྩིས་གཏན་འབེབས་བྱེད་ཕྱོགས་ལ་གྲོས་མཐུན་མ་བྱུང་ཚེ། ཕྱི་ཟླ་དང་པོའི་ཚེས་༢་ནས་ཨ་མི་རི་ཀའི་སྤྱི་དམངས་ཡོངས་ལ་རང་བཞིན་གྱིས་དཔྱ་ཁྱལ་འཕར་ཏེ་རྒྱལ་སྲུང་གཙོ་བོར་གྱུར་པའི་གཞུང་གི་འགྲོ་གྲོན་མང་པོ་ཞིག་ཉུང་འཕྲི་བྱ་རྒྱུ་དང་། མི་མང་ལས་ཤོར་པ་ས་ཡ་མང་པོར་གཞུང་གིས་འཚོ་བའི་རོགས་དངུལ་སྤྲོད་ཀྱི་ཡོད་པའང་མཚམས་ཆད་རྒྱུ། ཨ་མི་རི་ཀའི་དཔལ་འབྱོར་སླར་གསོ་ལ་འགོག་རྐྱེན་བྱུང་སྟེ་གཡང་ལ་ལྷུང་སྲིད་པའི་ཉེན་ཀ་ཡོད་པ་མ་ཟད། ཨ་མི་རི་ཀའི་དཔལ་འབྱོར་ཉམས་རྒུད་ཀྱིས་འཛམ་གླིང་ཁྱོན་ཡོངས་ལ་སླར་ཡང་དཔལ་འབྱོར་ཉམས་རྒུད་ཀྱི་དཀའ་ངལ་ཐེངས་གཉིས་པ་ཞིག་འཕྲད་སྲིད་པའི་རྟགས་མཚན་ཐོན་ཡོད་པ་རེད།།
ཨ་རིའི་གཞུང་གྲོན་དངུལ་རྩིས་གཏན་འབེབས་མ་ཐུབ་པར་དཔལ་འབྱོར་གཡང་ལ་ལྷུང་ཉེན།
Obama to Meets Hill Leadersi
|| 0:00:00
...    
🔇
X

ཀུན་གླེང་གསར་འགྱུར།

Your JavaScript is turned off or you have an old version of Adobe's Flash Player. Get the latest Flash player.
ཀུན་གླེང་གསར་འགྱུར། ༢༠༡༥ ཟླ་ ༤ ཚེས་༡i
X
01.04.2015
ཨི་རན་གྱི་རྡུལ་ཕྲན་གྲོས་མོལ། དབྱིན་ཇིའི་རྒྱལ་ཡོངས་འོས་བསྡུ། ༧གོང་ས་མཆོག་ལ་བརྟན་བཞུགས་གསོལ་འདེབས། བོད་ཀྱི་ཞོ་སྟོན་དུས་ཆེན་ཐེངས་༢༠ པ། སི་རི་ཡའི་སྐྱབས་བཅོལ་བའི་གནས་སྟངས། རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་བདེ་རྩའི་འགན་འཛིན། ནཡེ་ཇེ་རི་ཡའི་སྲིད་འཛིན་འོས་འདེམས།

འབྲེལ་མཐུད་བརྒྱུད་ལམ་ཁག

ངོ་དེབ།