བོད།

ཉི་ཧོང་དུ་བོད་དོན་རྒྱབ་སྐྱོར་དང་འཕེལ་ཕྱོགས།

Watch Kunleng TV LIVE! (Windows)

ཐེངས་འདིའི་ལས་རིམ་ནང་ཉི་ཧོང་གཞུང་དམངས་གཉིས་ཀྱིས་བོད་དོན་ལ་དོ་སྣང་དང་རྒྱབ་སྐྱོར་ག་འདྲ་ཞིག་གནང་བཞིན་པ་དང་། དེའི་རྒྱུ་རྐྱེན་དང་ནུས་འབྲས་ཀྱི་ཐད་བགྲོ་གླེང་བྱེད་རྒྱུ་ཡིན། ལས་རིམ་ནང་དུ་ཉི་ཧོང་གི་རྒྱལ་ས་ཊོག་ཁྱོའི་ནང་བཅའ་སྡོད་བྱས་ཡོད་པའི་ཤར་ཨེ་ཤ་ཡའི་སྐུ་ཚབ་དོན་གཅོད་ཁང་གི་དོན་གཅོད་ལྷག་པ་འཚོ་སྒོ་ལགས་དང་། དེ་བཞིན་དུ་བཞུགས་སྒར་དྷ་རམ་ས་ལ་ནས་༧གོང་ས་མཆོག་གི་ཉི་ཧོང་སྐད་ཀྱི་གསུང་སྒྱུར་མ་རེ་ཡ་ལགས་གདན་འདྲེན་ཞུས་ཡོད།

ཀུན་གླེང་ནི་འཁོར་སྐར་བརྒྱུད་ནས་བལྟ་ཐུབ་པ་དང་ རླུང་འཕྲིན་ཐོག་ཏུ་ཉན་ ཐུབ་པ་མ་ཟད། ད་དུང་དྲ་རྒྱ་བརྒྱུད་ནས་ཀྱང་དུས་ཐོག་ཏུ་བལྟ་ཉན་བྱེད་ཐུབ་པ་དང༌། བདུན་ཕྲག་རེའི་གཟའ་ལྷག་པ་དང་གཟའ་པ་སངས་ནམ་ཡིན་ལ་འཛམ་གླིང་གཅིག་གྱུར་གྱི་ཆུ་ ཚོད་༡༤་ནས་༡༥་བར་རམ། ཡང་ན་ལྷ་སའི་དགོང་མོའི་ཆུ་ཚོད་༡༠་ནས་༡༡་བར་དུ་ཀུན་གླེང་ལ་བལྟ་ཉན་ཐུབ་ཅིང༌། བོད་དང་རྒྱ་ནག་ནས་ཁ་པར་ཨང་གྲངས་༡༠༨༨༨༨་མནན་ཚེ། ཨེ་ཊི་ཨེན་ཊི་ཞེས་པའི་སྒྲ་ཞིག་ཐོས། དེའི་རྗེས་སུ་ཁ་པར་ཨང་གྲངས་༨༦༦ ༨༣༧ ༥༡༥༩ མནན་ན་སྐུ་ཉིད་ཀྱིས་རིན་པ་སྤྲོད་མི་དགོས་པའི་ཁ་པར་དེ་ང་ཚོར་འཕྲོད། ཨ་རི་དང་རྒྱལ་ཁབ་གཞན་ནས་༡ ༢༠༢ ༦༡༩ ༣༧༧༤ མནན་ནས་ཁ་པར་འབྲེལ་མཐུད་པར་རིན་པ་ཨ་རིའི་རླུང་འཕྲིན་ཁང་ལ་སྤྲོད་དུ་འཇུག་ དགོས་ཞེས་མངགས་བཀོད་བྱེད་ན་ཁ་པར་གྱི་རིན་པ་ང་ཚོས་སྤྲོད་ངེས་ཡིན། ཡང་ན་སྔོན་ནས་སྐུ་ཉིད་ཀྱི་མིང་དང་ཁ་པར་ཨང་གྲངས་ང་ཚོར་བསྐུར་ཚེ། ང་ཚོས་ཀུན་གླེང་གི་བགྲོ་གླེང་སྐབས་སུ་སྐུ་ཉིད་ལ་འབྲེལ་བ་བྱེད་ཆོག་པ་དང༌། གལ་ཏེ་སྐུ་ཉིད་ཀུན་གླེང་ལ་དངོས་སུ་མཉམ་ཞུགས་མི་ཐུབ་ཀྱང་ང་ཚོར་ tibetantv@voanews.com བརྒྱུད་ནས་ཨི་མེལ་གཏོང་བའམ། ཡང་ན་ཧཕེཀ་སི་ཨང་གྲངས་༡ ༢༠༢ ༣༨༢ ༥༥༩༦ བརྒྱུད་ནས་དྲི་བ་བསྐུར་གནང་ཡོད་པ་ཞུ།
Your JavaScript is turned off or you have an old version of Adobe's Flash Player. Get the latest Flash player.
རྒྱ་གར་དང་རྒྱ་ནག་གི་འབྲེལ་བའི་ཕུགས་རེ།i
X
17.09.2014
རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིང་ད་རིང་རྒྱ་གར་ལ་ཉིན་གསུམ་གྱི་གཞུང་འབྲེལ་འཚམས་གཟིགས་ཆེད་འབྱོར་ཡོད་པ་དང་། ཐེངས་འདིའི་གཟིགས་བསྐོར་དེས་རྒྱ་དཀར་ནག་གཉིས་དབར་འབྲེལ་བ་སྔར་ལས་བཟང་དུ་འགྲོ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་སྲིད་དོན་དབྱེ་ཞིབ་པ་སོགས་ཀྱིས་རྒྱ་དཀར་ནག་གཉིས་དབར་རྒྱུན་རིང་གི་དཀའ་ངལ་རིམ་པ་ཡོད་པ་དེ་དག་སེལ་མ་ཐུབ་པར་དཔལ་འབྱོར་སོགས་ཀྱི་འབྲེལ་བཟང་དུ་འགྲོ་རྒྱུར་རེ་བ་མེད་སྐོར་བརྗོད་ཀྱི་ཡོད་པ་རེད།
བརྙན་འཕྲིན།

བརྙན་འཕྲིན། རྒྱ་གར་དང་རྒྱ་ནག་གི་འབྲེལ་བའི་ཕུགས་རེ།

རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིང་ད་རིང་རྒྱ་གར་ལ་ཉིན་གསུམ་གྱི་གཞུང་འབྲེལ་འཚམས་གཟིགས་ཆེད་འབྱོར་ཡོད་པ་དང་། ཐེངས་འདིའི་གཟིགས་བསྐོར་དེས་རྒྱ་དཀར་ནག་གཉིས་དབར་འབྲེལ་བ་སྔར་ལས་བཟང་དུ་འགྲོ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་སྲིད་དོན་དབྱེ་ཞིབ་པ་སོགས་ཀྱིས་རྒྱ་དཀར་ནག་གཉིས་དབར་རྒྱུན་རིང་གི་དཀའ་ངལ་རིམ་པ་ཡོད་པ་དེ་དག་སེལ་མ་ཐུབ་པར་དཔལ་འབྱོར་སོགས་ཀྱི་འབྲེལ་བཟང་དུ་འགྲོ་རྒྱུར་རེ་བ་མེད་སྐོར་བརྗོད་ཀྱི་ཡོད་པ་རེད།
བརྙན་འཕྲིན།

བརྙན་འཕྲིན། སྐུ་ཕྲེང་བཅུ་གསུམ་པའི་དུས་སུ་ཨུ་རུ་སུ་དང་བོད་དབར་ཕྱི་འབྲེལ།

ཉེ་དུས་ར་ཤི་ཡའི་སྤྱི་ཚོགས་ཚན་རིག་ཁང་གི་ཨེ་ཤ་ཡ་ཚན་པས་རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པའི་སྐུ་དུས་སུ་ཨུ་རུ་སུའི་གོང་མ་ནི་ཁོ་ལས་གཉིས་དང་བོད་དབར་ཕྱི་འབྲེལ་གྱི་འབྲེལ་བ་ཇི་ལྟར་གནང་ཡོད་པའི་སྐོར་ལ་ཉམས་ཞིབ་ཀྱི་ཡིག་ཆ་ཞིགབཏོན་ཡོད་པ་དང་། ད་རིང་གི་ཀུན་གླེང་ལས་རིམ་གྱིས་ཨུ་རུ་སུ་སྐུ་ཚབ་དོན་གཅོད་ཌོག་ཌར་ངག་དབང་རབ་རྒྱལ་ལགས་གདན་འདྲེན་ཞུས་ནས་བགྲོ་གླེང་ཞུ་རྒྱུ་ཡིན།
བརྙན་འཕྲིན།

བརྙན་འཕྲིན། ཀུན་གླེང་གསར་འགྱུར། ༢༠༡༤ ཟླ་ ༩ཚེས་༡༧

༸གོང་ས་མཆོག་གི་མཛད་འཆར། ཁ་ཆེ་དྲག་འཐབ་པར་རྒྱལ་སྤྱིའི་གདོང་ལེན། སི་ཁོ་ཊི་ལེན་ཌིའི་རང་བཙན་ལ་མང་མོས་འོས་བསྡུ། རྒྱ་དཀར་ནག་དང་བོད་ཀྱི་འབྲེལ་བ། བཙན་བྱོལ་གྱི་རྩོམ་པ་པོ་ཚེ་དབང་རྟ་མགྲིན་གྱི་དེབ་དབུ་འབྱེད།
བརྙན་འཕྲིན།

བརྙན་འཕྲིན། ཀུན་གླེང་གསར་ཤོས།

བརྙན་འཕྲིན།

བརྙན་འཕྲིན། ཀུན་གླེང་གསར་འགྱུར། ༢༠༡༤ ཟླ་ ༩ཚེས་༡༥

ཧོང་ཀོང་གི་དམངས་གཙོའི་ཁྲོམ་སྐོར། བྱང་ཀོ་རི་ཡས་ཨ་རི་བར་ཁྲིམས་ཆད། དབྱིན་ཇིའི་སྲིད་བློན་གྱི་ཁས་ལེན། ཧྥ་རན་སི་སྲིད་འཛིན་གྱི་འབོད་སྐུལ། ༸གོང་ས་མཆོག་གི་ཆིབས་སྒྱུར།

འབྲེལ་མཐུད་བརྒྱུད་ལམ།