ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

རྒྱ་ནག་ནང་ས་ཡོམ་བརྒྱབས་ཏེ་མི་བརྒྱད་ལ་རྨས་སྐྱོན་བྱུང་བ།


རྒྱ་ནག་གི་སི་ཁྲོན་ཞིང་ཆེན་དང་ཡུན་ནན་ཞིང་ཆེན་གཉིས་ཀྱི་ས་མཚམས་ས་ཁུལ་དུ་ཉིན་གཉིས་ཀྱི་རིང་བསྟུད་མར་ས་ཡོམ་ཐེངས་བཞི་བྱུང་ཡོད་པ་ནས། ས་ཡོམ་ཐེངས་དང་པོའི་ཁྲོད་དུ་མི་བརྒྱད་ལ་རྨས་སྐྱོན་བྱུང་བ་དང་ སྡོད་ཁང་ལ་གཏོར་སྐྱོན་ཐེབས་པ་སོགས་ཀྱི་གོད་ཆག་བྱུང་ཡོད་པ་དང་། དེའི་རྗེས་སུ་བྱུང་བའི་ས་ཡོམ་གྱིས་རྐྱེན་པས་མི་མང་ལ་དངངས་སྐྲག་ཆེན་པོ་སྐྱེས་ཡོད་པ་ལས་དམིགས་བསལ་རྨས་སྐྱོན་བྱུང་བ་སོགས་ཀྱི་གནས་ཚུལ་བྱུང་མེད་པའི་ཐད་ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་གི་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG