ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༥/༠༨

མངའ་རིས་སྤྱི་མཐུན་ཚོགས་པས་སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་ལགས་ལ་རྒྱབ་སྐྱོར་གྱི་གསལ་བསྒྲགས།


བཙན་བྱོལ་བོད་མིའི་གཞུང་འབྲེལ་མིན་པའི་སྒྲིག་འཛུགས་མངའ་རིས་སྤྱི་མཐུན་ཚོགས་པས་སྲིད་སྐྱོང་འོས་མི་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ལ་རྒྱབ་སྐྱོར་ཞུ་རྒྱུའི་གསལ་བསྒྲགས་གནང་འདུག་པ་དང་། སྒྲིག་འཛུགས་དེའི་ཚོགས་གཙོ་སྨན་པ་ཐོགས་མེད་ལགས་ཀྱིས། ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ནི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་རྣམས་ཚུལ་བཞིན་རྟོགས་ནས་ལག་བསྟར་ཐུབ་མཁན་ཞིག་ཡིན་པ་མ་ཟད། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་གནད་དོན་ཚང་ལ་མ་ནོར་བ་རྟོགས་མཁན་དང་དེ་ལག་བསྟར་ཐུབ་རྒྱུར་སྲིད་སྐྱོང་འོས་མིའི་ཁྲོད་ནས་ཁོང་ལས་ལྷག་པ་མེད་པ་བཅས་ཀྱི་རྒྱུ་མཚན་ལ་བརྟེན་ནས་མངའ་རི་སྤྱི་མཐུན་ཚོགས་པས་རྒྱབ་སྐྱོར་ཞུ་རྒྱུར་ཐག་གཅོད་གནང་བ་ཡིན་ཞེས་གསུངས་འདུག ཚོགས་གཙོ་སྤེན་པ་ཚེ་རིང་ལགས་སུ་དེའི་གོང་དབུས་གཙང་ཆོལ་ཁའི་དབུས་རྒྱུན་ལས་དང་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་བཅས་ཀྱིས་རྒྱབ་སྐྱོར་གནང་ཡོད་པ་རེད།

XS
SM
MD
LG