ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

༧གོང་ས་མཆོག་ཨ་རིར་སྨན་བཅོས་ཆེད་ཕེབས་ཐོན་གནང་ཡོད་པ།


བོད་མིའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ ད་རིང་ཕྱི་ཚེས་༡༩་ཉིན་རྒྱ་གར་ནས་ཨ་རིར་ཕེབས་ཐོན་གནང་ཡོད་འདུག དེ་ཡང་དགའ་ལྡན་ཕོ་བྲང་གིས་གནས་ཚུལ་གསལ་བསྒྲགས་གནང་བའི་ནང་། ད་ལན་ཨ་རིའི་མངའ་སྡེ་མི་ནི་སོ་ཀྲའི་ གྲོང་ཁྱེར་རའོ་བྱད་སེ་གྲ་ནང་ཡོད་ མེ་ཡོ་སྨན་ཁང་༼Mayo Clinic༽ནང་༼prostate ༽ལྒང་པའི་སྨན་བཅོས་དང་སྐུ་ངལ་གསོ་རྒྱུ་བཅས་ཀྱི་སླད་ཟླ་བ་གཅིག་ཙམ་རིང་བཞུགས་རྒྱུའི་འཆར་གཞི་ཡོད་པ་དང་། དེ་རྗེས་ཕྱི་ཟླ་གསུམ་པའི་ནང་འཆར་ཆེན་གྱི་མཛད་འཆར་ཁག་རྒྱུན་སྐྱོང་གནང་རྒྱུ་ཡིན་པའི་སྐོར་གསལ་སྟོན་གནང་འདུག ༧གོང་ས་མཆོག་གི་སྐུའི་འཕྲོད་བཞེས་དང་འབྲེལ་བའི་ཆིབས་བསྒྱུར་འདིའི་སྐོར་ རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ནང་རྟེན་གཞི་བྱས་པ་བཙན་བྱོལ་ བོད་མིའི་སྐུ་ཚབ་དོན་གཅོད་བཀའ་ཟུར་་བསྟན་པ་ཚེ་རིང་ལགས་སུ་གནས་འདྲི་ཞུས་པ་དེ་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG