ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༥/༠༢

ཨ་རིའི་རྒྱལ་སྲུང་དྲུང་ཆེས་ཨ་མི་རི་ཀའི་དམག་གྲུའི་ཐོག་ལྷོ་རྒྱ་ནག་རྒྱ་མཚོའི་ནང་ཕེབས་ཡོད་པ།


ཨ་མི་རི་ཀའི་རྒྱལ་སྲུང་དྲུང་ཆེ་སྐུ་ཞབས་ཨེཤ་ ཀར་ཊར་གྱིས་ རེས་གཟའ་ཕུར་བུའ་ཉིན་ ལྷོ་རྒྱ་ནག་རྒྱ་མཚོའི་ནང་སྐོར་བསྐྱོད་བྱེད་བཞིན་པའི་ཨ་མི་རི་ཀའི་དམག་གྲུ་ཆེ་གྲས་༼USS Theodore Roosevelt༽ ཐོག་ཕེབས་ཏེ་ དེང་སྐབས་མཚོ་ཁུལ་དེར་རྩོད་རྙོག་ཇེ་ཆེར་གཏོང་གཞིའི་རྒྱ་ནག་གི་བྱ་སྤྱོད་ལ་སྐྱོན་བརྗོད་བྱས་ཡོད་ཅིང་ དེ་ཡང་ རྡུལ་ཕྲན་གྱི་ནུས་ཤུགས་ལ་བརྟེན་པའི་དམག་གྲུ་ཆེན་པོ་དེ་ རྒྱ་ནག་དང་ཨེ་ཤི་ཡེའི་རྒྱལ་ཁབ་གཞན་མང་པོས་ བདག་དབང་གི་ཐད་རྩོད་གླེང་བྱེད་པའི་ལྷོ་རྒྱ་ནག་རྒྱ་མཚོའི་ནང་ཡོད་པའི་སཱི་པཊ་ལཱི་གླིང་ཕྲན་ཁག་གི་ལྷོ་སྣེ་ནས་ རྒྱལ་སྤྱིའི་མཚོ་ཐོག་ཏུ་བརྗིད་ཉམས་ལྡན་པའི་སྒོ་ནས་བསྐྱོད་པའི་སྐབས་སྐུ་ཞབས་ཀར་ཊར་གྱིས་གསར་འགོད་པ་རྣམས་ལ་ མཚོ་ཁུལ་འདིར་རྒྱ་ནག་གིས་བྱ་སྤྱོད་ལག་བསྟར་བྱེད་སྟངས་ལ་མང་པོས་བློ་འཚབ་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོག་རེད་ཅེས་གསུངས་ཏེ་ ད་རེས་རང་ཉིད་ཨ་མི་རི་ཀའི་དམག་གྲུའི་ཐོག་ཁུལ་དེར་ཕེབས་དོན་གཙོ་བོ་ནི་ རྒྱལ་སྤྱིའི་མཚོ་ལམ་གལ་ཆེན་ཞིག་འཁེལ་བའི་མཚོ་ཁུལ་དེར་ རྒྱ་ནག་གི་སྟོབས་ཤུགས་མ་གཏོགས་མངོན་རྒྱུ་མེད་པའི་གནས་སྟངས་ཤིག་ལ་ ཨ་མི་རི་ཀས་དང་ལེན་ནམ་ཡང་བྱ་རྒྱུ་མིན་པའི་རྣམ་པ་གསལ་སྟོན་བྱ་རྒྱུར་དམིགས་པ་ཞིག་ཡིན་པ་རེད།

XS
SM
MD
LG