ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༥/༡༡

སྐུ་གདུང་ནང་མིར་སྤྲོད་དགོས་པ་ཨ་མི་རི་ཀས་རྒྱ་ནག་ལ་སྐུལ་མ་བྱས་འདུག


སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་རྒྱ་ནག་གི་བཙོན་ཁང་ནང་སྐུ་ཚེ་མ་ཟིན་པའི་གནས་ཚུལ་ཐོན་པའི་རྗེས། བཙན་བྱོལ་བོད་གཞུང་གི་ལྟེ་གནས་བཞུགས་སྒར་རྡ་རམ་ས་ལར་བོད་མི་རྣམས་ཀྱིས་མྱ་ངན་དང་རྗེས་དྲན་ཞུ་བཞིན་པ་དང་། རྒྱལ་སྤྱིའི་ས་ཁུལ་གང་སར་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་ལས་འགུལ་སྤེལ་བཞིན་པའི་སྐབས་འདིར། ཨ་མི་རི་ཁའི་སྲིད་གཞུང་དང་གྲོས་ཚོགས་ཀྱི་མི་སྣ་ཁག་གཅིག་གིས་ཁོང་གི་སྐུ་ཕུང་ནང་མི་ལ་བརྩི་སྤྲོད་བྱེད་དགོས་པ་རྒྱ་ནག་གཞུང་ལ་སྐུལ་མ་བྱེད་བཞིན་ཡོད་པ་རེད། དེའི་སྐོར་ལ་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་གོང་ཞུས་གནས་ཚུལ་ཁག་དང་དེ་བཞིན་དེ་རིང་བོད་ནང་གནས་ཚུལ་ག་རེ་ཡོང་བཞིན་ཡོད་པ་སོགས་ཀྱི་སྐོར་ལ་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གནང་གི་རེད།

XS
SM
MD
LG