ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༥/༠༢

ཐའི་ཝན་གྱི་ཆུའི་སྤྱི་གླིང་ཞིག་ཏུ་འབར་འགས་ཆེན་པོ་ཞིག་བྱུང་སྟེ་བེུད་གཅིག་ལ་སྲོག་སྐྱོན།


ཉེ་སྔོན་རེས་གཟའ་སྤེན་པའི་མཚན་མོ། ཐའི་ཝན་གྱི་ཆུའི་སྤྱི་གླིང་ཞིག་ཏུ་ འབར་འགས་ཆེན་པོ་ཞིག་བྱུང་པའི་མེ་ལྕེ་དེ་བཞིན། སྤྱི་གླིང་དེའི་སར་ཚོགས་ པའི་རོལ་དབྱངས་ཀྱི་མཚན་ཚོགས་ནང་མཉམ་ཞུགས་བྱེད་མཁན་མང་ཚོགས་ཀྱི་ཁྲོད་དུ་ཁྱབ་སྟེ། བེུད་གཅིག་ལ་སྲོག་སྐྱོན་དང་། གཞན་ལྔ་བརྒྱ་ལ་ཉེ་བར་རྨས་ སྐྱོན་བྱུང་ཡོད་པ་ནས། འགའ་ཞིག་གི་གནས་སྟངས་ཛ་དྲག་པོ་ཡོད་པ་རེད། ཐེ་ཝན་གྱི་ཞིབ་དཔྱོད་པ་རྣམས་ཀྱིས། རེས་གཟའ་ཟླ་བའི་ཉིན། ལྡིངས་ཆ་ནས་ ཚོན་ཁྲ་ཅན་གྱི་ཕྱེ་མ་གཏོར་བ་ལས་འཁྱུད་པའི་མེ་ལྕེ་དེ་བཞིན། ཐ་མག་གི་རོ་དོ་ ལས་འབར་བ་ཞིག་ཡིན་སྲིད་མིན་གྱི་ཐད། ཞིབ་འཇུག་དོ་ནན་བྱེད་ཀྱི་ཡོད་པ་ དང་། མི་གྲངས་བཞི་བརྒྱ་ལྷག་སྨན་ཁང་གི་ནང་སྨན་བཅོས་བྱེད་བཞིན་ཡོད་པ་ ནས་ཉིས་བརྒྱ་སྐོར་ཞིག་གི་གནས་སྟངས་ཛ་དྲག་པོ་ཡོད་ལུགས་ས་གནས་གྲོང་ ཁྱེར་གྱི་གཞུང་འབྲེལ་མི་སྣས་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་རེད།

XS
SM
MD
LG