ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༧

ཨ་མི་རི་ཀས་ཀྱུ་བྷཱ་དྲག་སྤྱོད་པའི་ཐོ་གཞུང་ནས་ཕྱིར་འཐེན་བྱས་ཡོད་པ།


ཨ་མི་རི་ཀའི་སྲིད་འཛིན་བཞུགས་གནས་ཕོ་བྲང་དཀར་པོས་གཟའ་མིག་དམར་གྱི་ཉིན་གསལ་བསྒྲགས་གནང་གསལ་ལ། ཨ་མི་རི་ཀས་ཀྱུ་བྷཱ་མ་དང་འབྲེལ་ལམ་བཟང་དུ་གཏང་རྒྱུར་ཡུལ་དེ་བཞིན་རྒྱལ་སྤྱིའི་ནང་དྲག་སྤྱོད་ཀྱི་ལས་འགུལ་སྤེལ་མཁན་གྱི་ཐོ་གཞུང་ནས་ཕྱིར་འཐེན་གནང་འཆར་ཡོད་པ་དང་ ཨ་མི་རི་ཀས་ཀྱུ་བྷཱ་དེ་བཞིན་དྲག་སྤྱོད་ཀྱི་ལས་འགུལ་སྤེལ་མཁན་རྒྱལ་ཁབ་ཀྱི་ཐོ་གཞུང་ནས་ཕྱིར་འཐེན་གནང་བ་ཡིན་ན་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་གཞུང་ཚབ་འཇོག་རེས་ཀྱི་འབྲེལ་བ་དབུ་འཛུགས་གནང་བདེ་རུ་འགྲོ་གི་ཡོད་འདུག

XS
SM
MD
LG