ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༧

ཧི་ལཱ་རི་༢༠༡༦ལོའི་ཨ་རིའི་སྲིད་འཛིན་འོས་འདེམས་ནང་འགྲན་ཞུགས་གནང་རྒྱུ་ཡིན་པ།


ཨ་མི་རི་ཀའིི་ཕྱི་སྲིད་དྲུང་ཆེ་ཟུར་པ་ལྕམ་ཧི་ལཱ་རི་ཀིལྣི་ཊན་གྱིས་རང་ཉིད་ཕྱི་ལོ་༢༠༡༦ལོའི་སྲིད་འཛིན་འོས་འདེམས་ཀྱི་ནང་འགྲན་ཞུགས་བྱ་རྒྱུའི་ཐག་གཅོད་བྱས་པ་ཡིན་ཞེས་ གཟའ་ཉི་མའི་ཉིན་ གསལ་བསྒྲགས་དངོས་སུ་གནང་ཡོད་ཅིང་ འདི་ནི་ལྕམ་ཀིལྣི་ཊན་ དམངས་གཙོ་ཚོགས་ཁོངས་ཀྱི་སྲིད་འཛིན་འོས་མིའི་ཁོངས་སུ་འགྲན་ཞུགས་གནང་ཐེངས་གཉིས་པ་དེ་ཡིན་པ་དང་ དེ་སྔ་ཕྱི་ལོ་༢༠༠༨ཀྱི་ལོར་འགྲན་ཞུགས་གནང་བའི་སྐབས་ ད་ལྟའི་སྲིད་འཛིན་སྐུ་ཞབས་བྷ་རག་ཨཽ་བྷ་མ་ལ་དམངས་གཙོ་ཚོགས་པ་ནང་ཁུལ་ནས་རྒྱབ་སྐྱོར་མང་བ་ཐོབ་སྟེ་ སྐབས་དེའི་དམངས་གཙོ་ཚོགས་ཁོངས་ཀྱི་སྲིད་འཛིན་འོས་མི་དངོས་གཞིར་ཐག་གཅོད་བྱུང་སྟེ་མཐར་ སྲིད་འཛིན་ལ་འདེམས་ཐོན་བྱུང་བ་ཞིག་རེད་ ད་ཆ་སྐུ་ཞབས་ཨཽ་བྷ་མའི་སྲིད་འཛིན་གྱི་ལས་དུས་གཙང་གི་ཡོད་པས་ ལྕམ་ཀིལྣི་ཊན་ནི་ དེ་སྔ་ སྲིད་འཛིན་གྱི་སྐུ་ཟླའི་གནས་བབས་ཀྱི་ཐོག་ནས་རྒྱལ་ནང་དང་ རྒྱལ་སྤྱི་གཉིས་ཀར་ལས་དོན་གནང་བའི་ཉམས་མྱོང་དང་ དེ་རྗེས་གྲོས་ཚོགས་གོང་མའི་འཐུས་མི་དང་ དེ་ནས་ཕྱི་སྲིད་དྲུང་ཆེ་གནང་བ་སོགས་ ཆབ་སྲིད་ཀྱི་ཐད་ཉམས་མྱོང་ཧ་ཅང་ཆེ་ལ་ སྙན་གྲགས་ཆེ་བའི་སྲིད་དོན་པ་ཞིག་ཏུ་གྱུར་ཟིན་ཡོས་པའི་ཆ་ནས་ཁོང་ནི་ དུས་སང་ལོའི་ དམངས་གཙོ་ཚོགས་ཁོངས་ཀྱི་སྲིད་འཛིན་འོས་མི་རེ་བ་ཆེ་ཤོས་ཤིག་ལ་མི་རྣམས་ཀྱིས་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

XS
SM
MD
LG