ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་ཉི་ཧོང་གིས་མཁའ་ཐོག་ནས་མྱུལ་ཞིབ་བྱ་རྒྱུར་ཨ་རིས་དགའ་བསུ།


དེང་སྐབས་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་རྒྱ་ནག་གི་གྲུ་གཟིངས་མང་པོ་འབྱོར་ཏེ། མཚོ་བརྒྱུད་དེ་ཡོངས་རྫོགས་རང་ལ་བདག་གི་ཡོད་པའི་རྣམ་འགྱུར་སྟོན་ཤུགས་ཆེ་རུ་གཏོང་བཞིན་པའི་སྐབས་འདིར། ཉི་ཧོང་གིས་མཁའ་ཐོག་ནས་མྱུལ་ཞིབ་བྱེད་རྒྱུ་གཞི་རྒྱ་ཆེ་རུ་བཏང་སྟེ། ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུའང་མྱུལ་ཞིབ་བྱས་པ་ཡིན་ན། དེ་ལ་ཨ་མི་རི་ཀས་དགའ་བསུ་ཞུ་རྒྱུ་ཡིན་ཞེས། ཨ་མི་རི་ཀའི་མཚོ་དམག་གི་མཐོ་རིམ་དཔོན་རིགས་ཤིག་གིས་རཱོ་ཡི་ཀྲར་གསར་སྤེལ་ཁང་ལ་རྗོད་ཡོད་འདུག ཉི་ཧོང་དང་རྒྱ་ནག་གཉིས་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་བདག་དབང་གི་ཐད་རྩོད་གླེང་མེད་ཀྱང་། ཤར་རྒྱ་ནག་རྒྱ་མཚོའི་ནང་ཡོད་པའི་གླིང་ཕྲན་ཁག་ཅིག་གི་བདག་དབང་གི་ཐད་ཡུལ་གྲུ་དེ་གཉིས་རྩོད་གླེང་ཆེན་པོ་ཡོད་སྟབས། ད་ལྟ་ཉི་ཧོང་གི་གནམ་གྲུས་ཤར་རྒྱ་ནག་རྒྱ་མཚོའི་ཁུལ་དུ་མཁའ་ཐོག་ནས་མྱུལ་ཞིབ་བྱེད་བཞིན་པ་ཡིན་པས། གལ་ཏེ་མྱུལ་ཞིབ་བྱེད་སྒོ་དེ་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུའང་རྒྱ་བསྐྱེད་བྱས་པ་ཡིན་ན། དེ་ལ་རྒྱ་ནག་གིས་ཁོང་ཁྲོ་ཆེན་པོ་བྱས་ཏེ། འཛམ་གླིང་གི་ནང་ནས་དཔལ་འབྱོར་གྱི་སྟོབས་ཤུགས་ཆེ་གྲས་གཉིས་པ་རྒྱ་ནག་དང་། སྟོབས་ཤུགས་ཆེ་གྲས་གསུམ་པ་ཉི་ཧོང་གི་བར་འཁོན་འཛིན་ཆེ་རུ་འགྲོ་རྒྱུ་ཧ་ལམ་ངེས་པ་ལྟ་བུ་ཞིག་ཡིན་པ་རེད།།

XS
SM
MD
LG