ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༧

རྒྱ་གར་གྱི་ཨཱ་སམ་མངའ་སྡེའི་ནང་གྱེན་ལོག་པས་མི་བཅུ་ཕྲག་ཁ་ཤས་བསད་ཡོད་པ།


རྒྱ་གར་གྱི་བྱང་ཤར་མངའ་སྡེ་ཨཱ་སམ་གྱི་ནང་། གྱེན་ལོག་པས་འཆར་གཞི་དང་གོ་རིམ་ལྡན་པའི་སྒོ་ནས་གྲོང་ཚོ་ཁག་ལྔ་ལ་རྒོལ་བརྡུང་བཏང་སྟེ། བུད་མེད་དང་ཕྲུ་གུ་ཚུད་པའི་ཁྱོན་མི་གྲངས་དྲུག་ཅུ་མིན་ཙམ་ཞིག་དམར་བསད་བཏང་ཡོད་པ་དང་། རྒོལ་བརྡུང་གི་གནས་ཚུལ་དེ། རེས་གཟའ་མིག་དམར་གྱི་མཚན་མོ་བྱུང་ཡོད་འདུག རྒོལ་བརྡུང་གཏོང་མཁན་གྱེན་ལོག་པ་དེ་དག ཨཱ་སམ་ནང་། བྷོ་ཌོ་མི་རིགས་ཀྱི་རང་ཡུལ་ཞིག་ལོགས་སུ་འཛུགས་རྒྱུའི་དོན་དུ། འདས་པའི་ལོ་བཅུ་ཕྲག་གསུམ་གྱི་རིང་རྒྱ་གར་དབུས་གཞུང་ལ་དྲག་པོའི་སྒོ་ནས་ངོ་རྒོལ་བྱེད་མཁན། བྷོ་ཌོ་ཡུལ་གྱི་རྒྱལ་ཡོངས་དམངས་གཙོ་མདུན་ཕྱོགས་ཚོགས་པ་ཟེར་བ། བྷོ་ཌོ་མི་རིགས་ཀྱི་གྱེན་ལོག་ཤོག་ཁག་དེ་ཡིན་པའི་དོགས་པ་བྱེད་ཀྱི་ཡོད་པ་རེད། ད་ལྟ་ཁུལ་དེར་ཕྱི་འགྲུལ་བཀག་སྡོམ་གྱི་ཁྲིམས་གཞི་བསྡམ་ཡོད་པ་མ་ཟད། གནས་སྟངས་ད་དུང་དེ་བས་ཚབས་ཆེ་རུ་མི་འགྲོ་བར་བྱ་རྒྱུའི་ཆེད་དུ། རྒྱ་གར་གྱི་ནང་སྲིད་ལས་ཁུངས་ཀྱིས་ཁུལ་དེར་གཞུང་དམག་ཕོན་ཆེ་ཁ་སྣོན་མངགས་གཏོང་བྱས་ཡོད་པ་དང་། རྒྱ་གར་གྱི་སྲིད་བློན་སྐུ་ཞབས་ནཱ་རེནྜར་ མྷོ་དྷི་ཡིས། གྱེན་ལོག་པའི་རྒོལ་བརྡུང་གི་བྱ་སྤྱོད་དེར་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་འདུག

XS
SM
MD
LG