ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

འབྲི་རུ་རྫོང་དུ་གྲྭ་བཙུན་༡༤༠ ལྷག་དགོན་པ་ནས་ཕྱིར་འཕུད།


ད་ལོའི་ཕྱི་ཟླ་༡༠ པ་ནས་ད་རག་བར་ཁམས་འབྲི་རུ་རྫོང་གི་རྒྱ་ཤོད་པད་དཀར་དགོན་པའི་གྲྭ་བ་བཞི་བཅུ་ལྷག་ཙམ་དང་། རྒྱ་ཤོད་ཡ་ང་བྱ་མདའ་བཙུན་དགོན་བྱ་མདའ་དགོན་ནས་བཙུན་མ་བརྒྱ་ལྷག་ཙམ་ཕྱིར་ཕུད་ བཏང་ཡོད་པའི་གནས་ཚུལ་ཐོན་འདུག

བོད་ཀྱི་བང་ཆེན་སྟེང་གནས་ཚུལ་བཀོིད་པ་ལྟར་ན་ས་ཕྱོགས་གང་ས་ནས་བྱ་མདའ་བཙུན་དགོན་དུ་སློབ་གཉེར་ཆེད་དུ་ཆེད་ཡོང་བ་རྣམས་རང་གནས་སུ་ལོག་དགོས་པའི་བཙན་བཀའ་བཏང་ནས་ཕྱིར་འབུད་དང་། མདོ་སྟོད་སྨད་ཁུལ་དུ་འབྲི་རུ་དང་རྒྱ་ཤོད་ཁུལ་ནས་སློབ་གཉེར་འགྲོ་མཁན་གྲྭ་ བཙུན་མང་པོ་ཡོད་པ་ཚང་མ་ཕྱིར་རང་ཡུལ་ལ་འཕྲལ་དུ་ལོག་དགོས་ཞེས་འབྲེལ་ཡོད་ནང་མི་ དང་དགོན་པའི་འགན་འཛིན་བཅས་ལ་བཙན་བཀའ་བཏང་བ་དང་། གལ་སྲིད་རང་གནས་སུ་མ་སླེབས་ན་ཕ་ཡུལ་ནས་ཐེམ་ཐོ་མེད་པ་བཟོ་རྒྱུའི་བཀའ་ཁྱབ་ བརྒྱུད་བསྒྲགས་ཤུགས་ཆེར་བྱས་འདུག

དགོན་པ་དེ་དག་གི་ནང་དུ་དེང་སང་ཉིན་ལྟར་རྒྱལ་གཅེས་ཆོས་གཅེས་ཀྱི་ སློབ་གསོ་རྒྱག་བཞིན་པ་དང་། ནག་ཆུ་ས་ཁུལ་དང་ཆབ་མདོ་ས་ཁུལ་བཅས་སུ་གྲྭ་བཙུན་ཐད་སྔར་ལས་ལྷག་པའི་ དམ་དྲག་གི་ལས་གཞི་ཞིག་འགྲོ་བཞིན་འདུག

XS
SM
MD
LG