ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

སྲིད་སྐྱོང་གིས་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་འཁྱོངས་དགོས་པའི་རྒྱུ་མཚན་གསལ་སྟོན།


རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དབུ་མའི་ལམ་གྱི་སྲིད་བྱུས་ལག་བསྟར་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་གཉིས་གསལ་སྟོན་གནང་ཡོད་ཅིང་། ཁོང་གིས་རྒྱུ་མཚན་གཅིག་ནི་བོད་རྒྱ་གཉིས་ལ་མི་འབོར་མང་ཉུང་གི་ཁྱད་པར་ཆེན་པོ་ཡོད་པ་དང་། རྒྱུ་མཚན་གཉིས་པ་ནི་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱལ་སྤྱིའི་ཐོག་ཏུ་རྒྱབ་སྐྱོར་ཡོད་པ་དེར་ཐུག་ཡོད་པས། ང་ཚོས་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་སྤེལ་སྐབས་དབུ་མའི་ལམ་གྱི་སྲིད་ཇུས་རྒྱུན་འཁྱོངས་བྱ་དགོས་ཞེས་གསུངས་འདུག

XS
SM
MD
LG