ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༥/༠༩

རྒྱ་ནག་གི་འཇིགས་སྐུལ་འཐབ་རྒོལ་བཅའ་ཁྲིམས།


རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཚོས་འཇིགས་སྐུལ་རིང་ལུགས་ལ་འཐབ་རྒོལ་དང་གསང་བའི་གནས་ཚུལ་བསྡུ་རུབ་བྱེད་པའི་ལས་ཁུངས་ཤིག་གསར་འཛུགས། རྒྱ་ནག་གི་བདེ་འཇགས་ཚན་པ་ཁག་གི་ལས་འགན་དེ་དག་དབྱེ་བ་གསལ་བོ་ཞིག་འབྱེད་པའི་བཅའ་ཁྲིམས་ཟིན་བྲིས་ཤིག་ལ་གྲོས་བསྡུར་བྱ་རྒྱུ་འགོ་ཚུགས་ཡོད་ཅིང་། འཇིགས་སྐུལ་རིང་ལུགས་ལ་འཐབ་རྒོལ་བྱེད་པའི་བཅའ་ཁྲིམས་ཟིན་བྲིས་དེའི་དགོས་མཁོ་ནི་ཞིན་ཅང་ལ་ཞི་བདེ་བརྟན་ལྷིང་མེད་པར་ཟིང་འཁྲུག་ལང་གི་ཡོད་པ་དེར་ཐུག་ཡོད་པ་་དང། དཔེར་ན་ཉེ་དུས་ཤིག་ནས་ཞིན་ཅང་གི་ས་གནས་ཁག་ལ་ཟིང་འཁྲུགས་ལངས་ནས་མི་བརྒྱ་ཕྲག་འགའ་ཞིག་ལ་སྲོག་སྐྱོན་བྱུང་སྟེ། རྒྱ་ནག་གཞུང་གིས་ཞིན་ཅང་གི་ཟིང་འཁྲུག་དེ་དག་ཡུ་གུར་པ་ཁ་བྲལ་རིང་ལུགས་པ་ཚོས་བསླངས་ཡོད་ཅེས་ཉེས་འཛུགས་བྱས་པ་མ་ཟད། སྔ་ལོ་ནས་ཞིན་ཅང་གི་གཏོར་རྒོལ་དེ་དག་རྒྱ་ནག་གི་ས་གནས་གཞན་ཁག་ལའང་ཁྱབ་གདལ་འགྲོ་གི་ཡོད་པས། ཕྱི་ཟླ་༡༠་ཚེས་༢༧་ཉིན་ཞིན་ཧྭ་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་པ་ལྟར་ན། རྒྱ་ནག་ལ་བཅའ་ཁྲིམས་འདི་འདྲ་ཞིག་གཏན་འབེབས་བྱས་ན་དཀའ་ཚེགས་ཆེ་ཞིང་ཉོག་འཛིང་ཆེ་བའི་འཇིགས་སྐུལ་རིང་ལུགས་ལ་འཐབ་རྒོལ་བྱེད་པར་ནུས་པ་ཐོན་ཐུབ་པ་དང་། རྒྱལ་སྤྱིའི་ཐོག་ཏུའང་རྒྱ་ནག་ལ་མཉམ་འབྲེལ་བྱ་རྒྱུ་ཡག་ཏུ་འགྲོ་ཐུབ་ཅེས་བཀོད་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG