ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཏུར་ཀིས་ཨ་རི་དང་ཨ་རབ་རྒྱལ་ཁབ་ཁག་གི་གནམ་དམག་འབབ་ཆོག་པའི་མོས་མཐུན།


གཟའ་འཁོར་འདིར་ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་ཁག་ཅིག་ཏུར་ཀི་ལ་ཕེབས་འཆར་ཡོད་ཅིང་། ཁོང་ཚོས་ཏུར་ཀིའི་ས་ཐོག་ཏུ་ཨ་མི་རི་ཀ་དང་ཨ་རབ་རྒྱལ་ཁབ་ཁག་གི་གནམ་དམག་བབས་ནས་སི་རི་ཡའི་ས་ཐོག་ཏུ་མངའ་ཁོངས་བཙན་བཟུང་བྱེད་ཡོད་པའི་ཁ་ཆེ་དྲག་སྤྱོད་པ་ཚོར་ཕར་རྒོལ་ཇི་ལྟར་བྱ་དགོས་མིན། སི་རི་ཡའི་བཏང་སྙོམས་ཀྱི་ལྟ་བ་འཛིན་པའི་ཁ་གཏད་དམག་དཔུང་ལ་ཏུར་ཀིའི་ས་ཐོག་ཏུ་ཨ་མི་རི་ཀས་དམག་སྦྱོང་ཇི་ལྟར་སྤྲོད་དགོས་མིན་བཅས་ལ་ཞིབ་འཇུག་བྱ་འཆར་ཡོད་པ་དང་། བདུན་ཕྲག་སྔོན་མའི་གཟའ་མཇུག་དེར་ཏུར་ཀིའི་གཞུང་གིས་རང་གི་ས་ཐོག་ཏུ་ཨ་མི་རི་ཀ་དང་ཨ་རབ་རྒྱལ་ཁབ་ཁག་གི་འཐབ་འཛིང་གནམ་གྲུ་འབབ་ཆོག་པའི་མོས་མཐུན་བྱས་ཏེ། ད་ཐེངས་ཀྱི་གྲོས་མཐུན་ཁོངས་སུ་སི་རི་ཡའི་ཁ་གཏད་དམག་དཔུང་གི་འཐབ་མོ་བ་སྟོང་ཕྲག་༤་ལ་ཨ་མི་རི་ཀས་དམག་སྦྱོང་སྤྲོད་དགོས་པ་དང་། སི་རི་ཡའི་ཁ་གཏད་དམག་དཔུང་གི་འཐབ་མོ་བ་རྣམས་ཏུར་ཀིའི་གསང་བའི་ལས་ཁང་གིས་འདེམས་སྒྲུག་བྱ་དགོས་ཞེས་བཀོད་དེ། ཏུར་ཀིའི་གཞུང་གིས་ཆ་རྐྱེན་བཏོན་པ་དེར་ཨ་མི་རི་ཀས་མོས་མཐུན་བྱས་ཡོད་ཅེས་ཨོ་བྷ་མའི་གཞུང་འཛིན་ལྷན་ཁང་གིས་མཐོ་རིམ་ལས་སྣེ་ཚོས་ཎིའུ་ཡོཀ་དུས་བབ་ཚགས་པར་གྱི་གསར་འགོད་པར་བཤད་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG