ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

བྱང་ཀོ་རི་ཡར་ཉེས་ཆད་ཞིག་འགེལ་རྒྱུར་ཨ་མི་རི་ཀར་རྒྱ་ནག་གི་རྒྱབ་སྐྱོར་དགོས་ངེས་ཡིན་པ།


བྱང་ཀོ་རི་ཡས་རྡུལ་ཕྲན་གྱི་འབར་མདེལ་ཞིག་ཚོད་ལྟ་བྱས་པ་དེ་ནི་ རྒྱལ་སྤྱིའི་ཞི་བདེ་དང་ཨ་མི་རི་ཀའི་བདེ་འཇགས་ལ་ཉེན་ཁ་བཟོ་གཞིའི་བྱ་སྤྱོད་ཚབས་ཆེན་ཞིག་ཡིན་པས་ ཨ་མི་རི་ཀས་རྒྱལ་སྤྱིའི་སྣེ་འཁྲིད་བྱས་ཏེ་བྱང་གི་ཚབས་ཆེའི་བྱ་སྤྱོད་འདི་ལ་ཡ་ལན་ནན་པོ་ཞིག་སྤྲོད་རྒྱུ་ཡིན་ཞེས་ ཨ་མི་རི་ཀའི་སྲིད་འཛིན་སྐུ་ཞབས་བྷ་རག་ཨོ་བྷ་མ་ཡིས་གསུངས་ཡོད་པ་རེད་ འོན་ཀྱང་ རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བྱང་ཀོ་རི་ཡ་ལ་གནོན་སྡོམ་བྱ་རྒྱུའི་བྱ་ཐབས་གང་འདྲ་ཅིག་ལག་བསྟར་བྱ་རྒྱུའི་ཐག་གཅོད་བྱས་པ་ཡིན་རུང་ དེ་ལ་དོན་འབྲས་སོན་རྒྱུར་ཨ་མི་རི་ཀར་རྒྱ་ནག་གི་རྒྱབ་སྐྱོར་ངེས་པར་དུ་དགོས་ཀྱི་རེད་ཅེས་ཆབ་སྲིད་དཔྱད་གཏམ་པ་ཚོས་འགྲེལ་བརྗོད་བྱེད་ཀྱི་ཡོད་པའི་སྐོར་ གསར་འགྱུར་བརྒྱུད་ལམ་ཁག་གི་ཐོག་ཐོན་པའི་གནས་ཚུལ་རྣམས་ དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།
XS
SM
MD
LG