ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ལོ་ཧྲིལ་བོར་འབྲི་རུ་རྒྱ་ཤོད་བན་དཀར་ས་གནས་ཀྱི་འཛིན་བཟུང་དང་དམ་དྲག་བྱས་པ་ཐེར་འདོན།


ད་ལྟ་རྒྱ་ནག་གཞུང་གིས་ཆ་བགོ་བྱས་པའི་སྲིད་འཛིན་ས་ཁུལ་ལྟར་ན། ད་ལོའི་ཟླ་བ་དང་པོ་ནས་བོད་རང་སྐྱོང་ལྗོངས་ཀྱི་ཁོངས་སུ་ཡོད་པའི་འབྲི་རུ་རྫོང་། རྒྱ་ཤོད་བན་དཀར་ཞང་དུ་སེར་སྐྱ་མང་ཚོགས་དང་བན་དཀར་དགོན་པའི་གྲྭ་དམངས་བཅས་ལ་རྒྱ་ནག་གཞུང་གིས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་བཏང་སྟེ། ས་གནས་མང་ཚོགས་དང་གྲྭ་དམངས་ཀྱིས་རྒྱ་གཞུང་གི་བསམ་བློའི་སློབ་གསོ་དེར་ངོས་ལེན་མ་བྱས་པར་དགོན་པའི་གནད་ཡོད་མི་སྣ་རྣམས་འཛིན་བཟུང་བྱས་པ་མ་ཟད། རྒྱ་ཤོད་ཡུལ་ཚོའི་མི་སྐྱ་མང་པོ་གང་བྱུང་དུ་འཛིན་བཟུང་བྱས་པ་སོགས་སྔ་ཕྱི་བསྡོམས་པའི་ས་ཁུལ་དེར་བོད་པ་གསུམ་གྱིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་བྱས་པ་དང་། ད་སྔ་འཛིན་བཟུང་བྱས་པའི་མི་དེ་དག་གི་གྲས་ཀྱི་མི་གཉིས་ལ་བཙོན་མཇུག་ཁྲིམས་ཐག་བཅད་པ་ཤེས་རྟོགས་བྱུང་བ་ལས་གཞན་རྣམས་གང་དུ་ཡོད་མེད་རྩད་གཅོད་ཐུབ་ཀྱི་མེད་པའི་སྐོར། ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་གནང་ཡི་རེད།
XS
SM
MD
LG