ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཨ་རིའི་སྲིད་འཛིན་གཞོན་པའི་རྩོད་གླེང་དང་། ༧གོང་ས་མཆོག་གིས་ཉི་ཧོང་གི་སྲིད་བློན་གསར་པ་དང་ཨ་རིའི་སྲིད་འཛིན་ཟུར་པ་ཀར་ཊར་ལ་འཚམས་འཕྲིན་སྩལ་བ། ལྡི་ལི་རུ་བཅུ་བའི་ཚེས་༡ ཉིན་རྒྱ་ནག་གཞུང་ཚབ་མདུན་དུ་ངོ་རྒོལ་བྱས་པ་སོགས་ཡོད།
གསར་འགྱུར་གལ་ཆེན་གཞན་ཁག་གི་གནད་བསྡུས་ནང་། ལྡི་ལིའི་ཉེན་རྟོག་པས་བཅུ་བའི་ཚེས་༡ངོ་རྒོལ་བ་འགའ་ཤས་བཀག་ཉར། རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་རྩོད་རྙོག ནུབ་ཆིངས་ཀྱི་དྲུང་ཆེ་གསར་པས་ཡུག་ཀེ་རན་ལ་རྒྱབ་སྐྱོར་གནང་བ། ཉི་ཧོང་གི་སྲིད་བློན་གསར་པས་བློན་ཆེན་བསྐོ་བཞག ལྷོ་ཀོ་རི་ཡའི་དམག་འཛུགས་དུས་ཆེན་དང་དྲག་ཆས་ངོམ་སྟོན་བཅས་ཡོད།
དེ་རིང་གི་ཀུན་གླེང་གསར་འགྱུར་ནང་ཐེ་ཝན་དད་ལྡན་མང་ཚོགས་ཀྱིས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ། སྲིད་འཛིན་གཞོན་པའི་འོས་མི་གཉིས་ཀྱི་རྩོད་གླེང་ལ་དཔྱད་ཞིབ། རྒྱ་ནག་གི་བཟོ་གྲྭས་མཱི་ཆི་གྷན་གྱི་གྲོང་སྡེ་ཞིག་ཏུ་དབྱེན་འབྱེད། བཙན་བྱོལ་ཧོང་ཀོང་གསར་འགོད་པ་ཚོས་གསར་འགོད་རང་དབང་སྲུང་སྐྱོབ་སོགས་ཡོད།
ཐེངས་འདིའི་གསར་འགྱུར་ཞིབ་འགྲེལ་གྱི་ལེ་ཚན་ནང་ཚེ་རིང་དབང་མོ་ལགས་ཀྱིས་འདི་གའི་གསར་འགོད་རྡོ་རྗེ་ཚེ་བརྟན་ལགས་དང་ལྷན་དུ་ཧི་ཛི་བྷོ་ལཱའི་མཐོ་རིམ་འགོ་ཁྲིད་བདུན་བསད་པ་དང་དེའི་ཤུཊ་རྐྱེན་སོགས་ཀྱི་སྐོར་བགྲོ་གླེང་ཞུ་རྒྱུ་ཡིན།།
ལྷོ་ཀོ་རི་ཡའི་ཉེན་རྟོག་དཔོན་རིགས་ཤིག་ལ་ཁྲིམས་ཆད། བལ་ཡུལ་གྱི་ཆུ་ལོག་ཁྲོད་མི་བརྒྱ་ལྷག་རྐྱེན་འདས། རྒྱ་ནག་གི་རྒྱལ་སྟོན་སྣེ་ལེན་ཚོགས་འདུ་དང་ཞིའི་གཏམ་བཤད། ཨོ་སི་ཁྲོ་ཡའི་གཡས་ཐལ་སྲིད་དོན་ཚོགས་པར་འོས་བསྡུའི་རྒྱལ་ཁ་ཐོབ་པ།
སྲིད་འཛིན་ཛེ་ལེན་སི་ཀིས་གཟའ་ཕུར་བུའི་ཉིན་ལ་ཨ་རིའི་སྲིད་འཛིན་བྷ་ཌན་དང་སྲིད་འཛིན་གཞོན་པ་ཧེ་རེ་སི་རྣམ་གཉིས་ལ་ཐུག་འཕྲད་ཀྱིས་ཨ་རིས་དམག་འཁྲུག་ཁྲོད་ཀྱི་ཡུག་ཀེ་རན་ལ་རྒྱབ་གཉེར་བྱེད་ཕྱོགས་སྐོར་གོ་བསྡུར་བྱས་ཡོད་པའི་སྐོར་ཚེ་རིང་དབང་མོ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཨ་རིའི་ནང་གི་པ་ལེ་སི་ཐན་རྒྱབ་སྐྱོར་བ་ཚོས་དམངས་གཙོ་ཚོཊ་པའི་སྲིད་འཛིན་འོས་མི་ལྕམ་ཀ་མཱ་ལ་ཧེ་རེ་སི་ལ་རྒྱབ་སྐྱོར་བྱ་རྒྱུ་མིན་པར་བརྗོད་འདུག ཨ་རབ་ཀྱི་མི་རྒྱུད་མང་ཤོས་ཡོད་པའི་མངའ་སྡེ་མཱི་ཆི་གྷན་ནང་གི་པ་ལེན་སི་ཐན་རྒྱབ་སྐྱོར་བ་ཚོས་ཨ་རིའི་འོས་བསྡུར་ཤུཊ་རྐྱེན་ཐེབས་སྲིད་མིན་སྐོར་ཚེ་རིང་དབང་མོས་སྙན་སྒྲོན་ཞུས་ཡོད།
དེ་རིང་གཟའ་མིག་དམར་ཉིན་གྱི་ཀུན་གླེང་གསར་འགྱུར་ནང་ཀངྒ་རྫོང་གི་དཔོན་རིགས་ཀྱིས་༧གོང་ས་མཆོག་ལ་མཇལ་ཁ་ཞུས་སྐོར་དང་།རྒྱལ་ཚོཊ་སུ་བྷ་ཌན་གྱིས་གཏམ་བཤད་མཐའ་མ་དེ་གནང་འཆར། ཨི་སི་རལ་དང་ཧེ་ཛི་བྷ་ལས་ཕན་ཚུན་ལ་གཏོར་རྒོལ་དང་སྡིགས་སྐུལ། བཞི་འབྲེལ་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོས་རང་དབང་དང་ཞི་བདེ་གཅེས་འཛིན་སོགས་ཡོད།
ཐེངས་འདིའི་གསར་འགྱུར་ཞིབ་འགྲེལ་གྱི་ལེ་ཚན་ནང་ཚེ་རིང་དབང་མོ་ལགས་ཀྱིས་འདི་གའི་གསར་འགོད་པ་ཚེ་བརྟན་དབང་ཕྱུག་ལགས་དང་ལྷན་དུ་ཉེ་ལམ་རྒྱ་ནག་ཏུ་ཉི་ཧོང་གི་ཕྲུ་གུ་ཞིག་བསད་པའི་དོན་རྐྱེན་དང་དེའི་ཤུཊ་རྐྱེན་སོགས་ཀྱི་ཐད་ལ་བགྲོ་གླེང་ཞུ་རྒྱུ་ཡིན།
སྤྱི་ཟུར་ཆུང་བདག་ཀོ་རན་དམ་པ་ཆེད་དུ་མཆོད་འབུལ་འཚོགས་སྐོར་དང་། ཛེ་ལེན་སི་ཀི་ཨ་རིའི་ནང་ཕེབས་པའི་མཛད་རིམ། སིང་གྷ་ལའི་སྲིད་འཛིན་གསར་པས་དམ་འབུལ་བཞེས་པ། པཱ་ཀི་སི་ཐན་དུ་གཞུང་ཚབ་མི་སྣ་སྐྱེལ་མཁན་མོ་ཏྲ་ཞིག་ལ་འབར་གས་བྱུང་བ། མོ་དྷི་མཆོག་གིས་ཨ་རིའི་འཕྲུལ་རིག་བཟོ་ཚོང་ཁང་གི་ལས་སྣེ་ཚོར་མཇལ་མོལ་གནང་བ་སོགས་ཡོད།
ཟླ་བ༩ པའི་ཚེས་༡༨ ཉིན། རྒྱ་ནག་ནང་ཉི་ཧོང་གི་མི་སེར་ཡིན་པའི་ཕྲུ་གུ་ལོ་ན་༡༠ ཅན་ཞིག་དམར་གསོད་བཏང་བའི་དོན་རྐྱེན་བྱུང་རྗེས། ཉི་ཧོང་གིས་དེར་་སྐྱོན་བརྗོད་དང་སྦྲགས་རྒྱ་ནག་གིས་ཡུལ་དེར་ཡོད་པའི་ཉི་ཧོང་མི་སེར་ཚོའི་བདེ་འཇགས་ལ་སྲུང་སྐྱོབ་ནན་མོ་བྱ་དགོས་པའི་རེ་སྐུལ་བྱས་ཡོད་པའི་སྐོར་ཚེ་རིང་དབང་མོས་སྙན་སྒྲོན་ཞུས་ཡོད།
གཟའ་མིག་དམར་ཉིན་ཧེ་ཛི་བྷོ་ལཱའི་བརྡ་འབྱོར་འཕྲུལ་ཆས་འབར་གས་བྱུང་རྗེས། གཟའ་ལྷག་པའི་ཉིན་ལ་ཡང་བསྐྱར་ལེ་བྷ་ནན་ལྷོ་རྒྱུད་དང་བྷེ་རུ་ལྷོ་རྒྱུད་ཀྱི་ས་ཁུལ་འགའ་ཤས་ནང་། ལག་ཐོགས་བརྡ་འབྱོར་འཕྲུལ་ཆས་འབར་གས་བྱུང་ནས་ཉུང་མཐར་མི་༡༤ རྐྱེན་འདས་དང་མི་༤༥༠ ཙམ་ལ་རྨས་སྐྱོན་ཕོག་ཡོད་པའི་སྐོར་ཚེ་རིང་དབང་མོས་སྙན་སྒྲོན་ཞུས་ཡོད།
ཨ་རིའི་གཞས་པ་ཊི་ཊོ་ཇཱེ་ཁེ་སན་འདས་གྲོངས། བྷི་བྷི་སི་གསར་ཁང་གི་མདོ་འཛིན་པར་ཁྲིམས་ཆད། ནཱ་ཇི་རི་ཡའི་ཆུ་ལོག་ཁྲོད་བཙོན་པ་བྲོས་བྱོལ། ཡུ་རབ་དབུས་ཁུལ་གྱི་རྒྱལ་ཁབ་ཁག་ལ་ཆུ་ལོག་གི་གནོད་སྐྱོན། འཇར་མན་གྱིས་ས་མཚམས་ཞིབ་བཤེར་ནན་མོ་བྱེད་བཞིན་པ། རྒྱ་ནག་ཧྲང་ཧེའི་མཚོ་རླུང་དང་ཝེན་ཁྲོན་གྱི་ཆུ་ལོག
རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཐོག་ལ་བོད་ནང་གི་གཏམ་རྒྱུད་བཟང་པོ་སྒྲོག་སྤེལ་བྱ་རྒྱུར་ཤུགས་སྣོན་རྒྱག་ཆེད་ཟླ་བ་འདིའི་ཚེས་༢ ཉིན་བོད་ཀྱི་རྒྱལ་ས་ལྷ་ས་རུ་་བོད་ལྗོངས་རྒྱལ་སྤྱིའི་ཁྱབ་སྤེལ་ལྟེ་གནས་ཁང་ཞེས་པ་ཞིག་གསར་འཛུགས་བྱས་ཡོད་པའི་སྐོར་ཚེ་རིང་དབང་མོ་ལགས་ཀྱིས་སྙན་སྒྲོན་ཞུས་གནང་བ་འདིར་གསལ།
ཐེངས་འདིའི་གསར་འགྱུར་ཞིབ་འགྲེལ་གྱི་ལེ་ཚན་ནང་ཚེ་རིང་དབང་མོ་ལགས་ཀྱིས་རྡོ་རྗེ་ཚེ་བརྟན་ལགས་དང་ལྷན་དུ་རྒྱ་གཞུང་གིས་ངོ་ཚབ་བརྒྱུད་ནུབ་ཕྱོགས་རྒྱལ་ཁབ་ཚོའི་ནང་སིལ་འཛུལ་བྱེད་ཐད་བགྲོ་གླེང་ཞུ་རྒྱུ་ཡིན།།
དེ་རིང་གཟའ་མིག་དམར་ཉིན་གྱི་ཀུན་གླེང་གསར་འགྱུར་ནང་རྒྱའི་བཀོལ་ཆོས་ཨ་རིའི་ཁྲིམས་ལ་ཐུག་པ། ཀ་མ་ལཱ་ཧེ་རེ་སི་དང་ཌོ་ནལ་ཊམ་གྱི་ཨི་རན་སྲིད་ཇུས། སྲིད་འཛིན་ཟུར་པ་ཊམ་དགྲོང་རྩིས་བྱས་ཀྱང་སྲོག་ལ་ཉེན་ཁ་འཕྲད་མེད་པ། རྒྱ་ནག་གིས་བོད་ཀྱི་ལོ་རྒྱུས་ལ་སྟངས་འཛིན་དང་དྲིལ་བསྒྲགས། གསར་འགྱུར་གཞན་ཁག་ཅིག་གི་གནད་བསྡུས་སོགས་ཡོད།
པེ་ཅིང་གིས་ཐེ་ཝན་ལ་དམག་གི་སྡིགས་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད་ཀྱང་། ཐེ་ཝན་ཕྱོགས་ནས་པེ་ཅིང་གི་གནོན་ཤུགས་ཅི་རིགས་སྤྲོད་བཞིན་པར་གདོང་ལེན་གྱིས་དུས་ནམ་ཡིན་རུང་མགོ་བཏགས་རྩ་བ་ཉིད་ནས་ཞུ་རྒྱུ་མིན་ཞེས་ཐ་ཚིག་བསྒྲགས་ཡོད་པའི་སྐོར་ཚེ་རིང་དབང་མོས་སྙན་སྒྲོན་ཞུས་ཡོད།
རིང་མིན་ཨ་རིའི་སྲིད་འཛིན་འོས་བསྡུའི་མཇུག་འབྲས་ཀྱིས་ཨུ་ཡུག་དམག་འཁྲུག་མཚམས་འཇོག་ཡོང་ཐབས་ཐད་ནུས་པ་འདོན་རྒྱུར་ཡུག་ཀེ་རན་གྱི་མི་དམངས་ཚོས་རེ་བ་བཅངས་བཞིན་ཡོད་མོད། འོན་ཏེ་སྲིད་འཛིན་སུ་ཐོབ་སུ་ཞིག་ཐོབ་ཀྱང་རོགས་སྐྱོར་ཐད་བློ་འཚབ་ཡོང་གི་ཡོད་པའི་སྐོར་ཚེ་རིང་དབང་མོས་སྙན་སྒྲོན་ཞུས་ཡོད།
ཡེ་ཤུའི་བླ་ཆེན་ཤར་ཏི་མོར་ཕེབས་འབྱོར་གནང་བ། ཝེ་ཏི་ནམ་དུ་ཆུ་ལོག་བྱུང་ནས་མི་༥༩ རྐྱེན་འདས། ནི་ཇི་རི་ཡའི་མོ་ཏྲ་གདོང་ཐུག་ལས་མི་༤༨ འདས་གྲོངས། སི་ཕན་གྱི་སྲིད་བློན་རྒྱ་ནག་ཏུ་འཚམས་འདྲིེར་ཕེབས་པ། ཐེ་ཝན་ནང་ཁེ་ཝན་ཀྲེའི་རྒྱབ་སྐྱོར་བ་ཚོས་ངོ་རྒོལ་བྱས་པ། ཨ་རིའི་ཁཱ་ལི་ཧྥུ་ནི་ཡ་དང་ནེ་ཝ་ཌ་ནང་གི་མེ་སྐྱོན།
གསར་འགྱུར་གལ་ཆེན་གཞན་ཁག་གི་ནང་དོན་གནད་བསྡུས་ནང་། ཡེ་ཤུའི་བླ་ཆེན་གྱི་ཨིན་རྡུ་ཎི་ཤི་ཡ་ནང་གི་ཆོས་འབྲེལ་མཛད་སྒོ་དང་། བྷང་ལ་དྷེ་ཤི་ནང་གི་གོམ་བགྲོད་ལས་འགུལ། སྲིད་བློན་མོ་དྷི་སིང་གྷ་ཕོར་ལ་འཚམས་འདྲིར་ཕེབས་པ། རྒྱ་ནག་དང་ཧྥེ་གླིང་རྒྱལ་ཁབ་ཁག་གི་ལྷན་ཚོགས་བཅས་ཡོད།
མང་སྣོན།