ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༥/༡༩

རྒྱལ་མཚན་ནོར་བུའི་གཟིགས་ཞིབ་མཇུག་སྒྲིལ།


རྒྱལ་མཚན་ནོར་བུའི་གཟིགས་ཞིབ་མཇུག་སྒྲིལ།
རྒྱལ་མཚན་ནོར་བུའི་གཟིགས་ཞིབ་མཇུག་སྒྲིལ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིདསྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་གནང་བའི་པཎ་ཆེན་སྐུ་ཕྲེང་བཅུ་བའི་ཡང་སྲིད་དགེ་འདུན་ཆོས་ཀྱི་ཉི་མའམ། ཡང་ན་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཤེས་ཡེ་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་རྒྱ་ནག་གཞུང་གིས་གང་དུ་བཟང་བཙོན་ལ་བཅུག་ཡོད་མེད་དང་། ཁོང་དང་ཡབ་ཡུམ་སྐུ་འཁོར་བདེ་ཐང་ཡིན་མིན་བཅས་ཀྱི་གནས་ཚུལ་གཅིག་ཀྱང་་ཕྱིར་བསྒྲགས་བྱེད་ཀྱི་མེད་རུང་། རྒྱ་ནག་གཞུང་གིས་པཎ་ཆེན་སྐུ་ཕྲེང་བཅུ་བའི་ཡང་སྲིད་ལ་བསྐོ་བཞག་བྱས་པའི་རྒྱལ་མཚན་ནོར་བུ་ཟླ་བ་༨་ཚེས་༩་ནས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གཙོས་གྲོང་ཁྱེར་དང་། མདོ་སྨད་ཀྱི་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་དང་ཀླུ་ཆུ་རྫོང་བཅས་ས་གནས་ཁག་ལ་གཟིགས་ཞིབ་ཏུ་ཕེབས་ཏེ། ཕྱི་ཟླ་༨་ཚེས་༢༢་ཉིན་རྒྱལ་མཚན་ནོར་བུའི་ཉི་མ་༡༣་གྱི་གཟིགས་ཞིབ་མཇུག་བསྒྲིལ་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

XS
SM
MD
LG