ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གིས་ཡར་ཀླུང་གཙང་པོའི་ཐོག་གློག་ཁང་གིས་གནོད་སྐྱོན་ཕོག་རྒྱུ་མིན་པ་ངེས་གཏན་བཟོ་རྩིས།


རྒྱ་ནག་གིས་ཡར་ཀླུང་གཙང་པོའི་ཐོག་ཆུ་ཤུགས་གློག་ཁང་གསར་པ་གསུམ་རྒྱག་རྒྱུའི་འཆར་གཞི་གཏན་འབེབས་བྱས་པ་མ་ཟད་ལས་གཞི་དེའི་ཆ་ཤས་ཤིག་འགོ་འཛུགས་བྱས་ཡོད་འདུག། ཡང་ལས་གཞི་དེའི་ཐོག་ད་བར་ཁྱིམ་མཚེས་རྒྱ་གར་ལ་གསལ་པོ་ཞིག་བརྗོད་མེད་ནའང་གཟའ་ཟླ་བའི་ཉིན་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱིས་ལས་གཞི་དེ་ཡིས་རྒྱ་གར་ལ་གནོད་སྐྱོན་གང་ཡང་འཕོག་རྒྱུ་མིན་པ་ངེས་གཏན་བཟོ་གི་ཡོད་པ་མ་ཟད་རྒྱ་གར་དང་མཉམ་དུ་འབྲེལ་མོལ་དང་མཐུན་བསྒྲིལ་དམ་གཟབ་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད་འདུག

XS
SM
MD
LG